From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
མིག་གི་ཁམས་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། མིག་གི་ཁམས་ཀྱི་མཚན་ཉིད། ཉེར་སྤྱོད་མིག་གི་རྣམ་པར་ཤེས་པ་གནས་ཀྱི་སྒོ་ནས་འཛིན་པ་དང། མིག་གི་ས་བོན་གང་རུང་གིས་བསྡུས་པའི་སྒོ་ནས་དབང་པོའི་ཁམས་སུ་བཞག་པའོ། །ཉེར་སྤྱོད་འཛིན་པ་ལ་མིག་གི་རྣམ་པར་ཤེས་པའི་བདག་རྐྱེན་བྱས་ཟིན་པ་དང། བྱེད་བཞིན་པ་གཉིས་ཡོད་ཀྱི་མ་འོངས་པ་ནི་ཉེར་སྤྱོད་འཛིན་པར་མ་ངེས་པས་མ་སྨྲོས་པར་བཤད་དོ། །མིག་གི་ས་བོན་ལ་མ་འོངས་པ་ན་མིག་འབྱུང་རུང་ད་ལྟ་ནུས་པའི་ངོ་བོར་གནས་པ་དང་། རྣམ་པར་སྨིན་པའི་ཀུན་གཞིའི་རྣམ་པར་ཤེས་པ་ལས་ད་ལྟ་མིག་གྲུབ་ཟིན་པ་གཉིས་ཡོད་པར་གསུངས་སོ། །དེ་ལྟར་ན་མིག་དང་མིག་གི་ཁམས་ལ་མུ་བཞི་ཡོད་དེ། མིག་ཡིན་ལ་མིག་གི་ཁམས་མ་ཡིན་པ་ནི་དགྲ་བཅོམ་པ་ཐ་མའི་མིག་ལྟ་བུའོ། །མིག་གི་ཁམས་ཡིན་ལ་མིག་མ་ཡིན་པ་ནི་མངལ་ན་གནས་པའི་མིག་མ་དོད་པའི་གནས་སྐབས་ཀྱི་མིག་གི་རྒྱུ་དང། གཟུགས་མེད་པར་སྐྱེས་པའི་སོ་སོའི་སྐྱེ་བོའི་རྒྱུད་ཀྱི་ས་བོན་ལྟ་བུའོ། །གཉིས་ཀ་མ་ཡིན་པ་ནི་ཕུང་པོ་ལྷག་མེད་ཀྱི་དང། གཟུགས་མེད་པར་སྐྱེས་པའི་འཕགས་པའི་རྒྱུད་ཀྱི་ཆོས་ལྟ་བུའོ། །གཉིས་ཀ་ཡིན་པ་ནི་གནས་སྐབས་གཞན་གྱི་མིག་ལྟ་བུའོ་ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། །
|
| Domain
|
ཆོས་ལུགས།
|
མིག་གི་ཁམས་ (2)
| Part of speech
|
མིང་ཚིག
|
| Definition
|
མིག་གི་ཁམས་ནི་མིག་དབང་དང་མིག་དབང་གི་ཚོགས་ན་ཡོད་པའི་བསགས་རྡུལ་གང་རུང་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། དེ་ལྟར་ཡིན་ཀྱང་རྫས་རྡུལ་དེ་དག་བསགས་པའི་བསགས་རྡུལ་དང༌། གོང་བུ་རྣམས་ནི་གང་གི་ཚོགས་པ་ན་ཡོད་པ་དེ་དང་དེའི་ཁམས་སུ་འཇོག་སྟེ། དབྱིབས་དང་ཁ་དོག་གི་ཚོགས་པ་ན་ཡོད་པའི་བསགས་རྡུལ་དང་གོང་བུ་རྣམས་གཟུགས་ཀྱི་ཁམས་སུ་འཇོག་པ་ནས། མིག་དབང་གི་ཚོགས་པ་ན་ཡོད་པ་རྣམས་མིག་གི་ཁམས་སུ་འཇོག་པ་ཡིན་པའི་ཕྱིར། ཞེས་གསུངས།
|