55917
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། རང་འབྲས་མིག་གི་རྣམ་པར་ཤེས་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་དྭངས་པ་མིག་གི་དབང་པོའི་མཚན་ཉིད། མིག་གི་དབང་པོ་དང། མིག་གི་སྐྱེ་མཆེད་དང་། མིག་གི་ཁམས་དོན་གཅིག་གོ ། རང་གི་བདག་འབྲས་རྣ་བའི་རྣམ་པར་ཤེས་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་དྭངས་པ་རྣའི་དབང་པོའི་མཚན་ཉིད། རྣ་བའི་དབང་པོ་དང། དེའི་སྐྱེ་མཆེད་དང། དེའི་ཁམས་རྣམས་དོན་གཅིག་ཡིན་ནོ། །རང་གི་བདག་འབྲས་སྣའི་རྣམ་པར་ཤེས་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་དྭངས་པ་སྣའི་དབང་པོའི་མཚན་ཉིད། སྣའི་དབང་པོ་དང། དེའི་སྐྱེ་མཆེད་དང། དེའི་ཁམས་རྣམས་དོན་གཅིག་ཡིན་ནོ། །རང་གི་བདག་འབྲས་ལྕེའི་རྣམ་པར་ཤེས་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་དྭངས་པ་ལྕེའི་དབང་པོའི་མཚན་ཉིད། ལྕེའི་དབང་པོ་དང། དེའི་སྐྱེ་མཆེད་དང། དེའི་ཁམས་རྣམས་དོན་གཅིག་ཡིན་ནོ། །རང་གི་བདག་འབྲས་ལུས་ཀྱི་རྣམ་པར་ཤེས་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་དྭངས་པ་ལུས་ཀྱི་དབང་པོའི་མཚན་ཉིད། ལུས་ཀྱི་དབང་པོ་དང། དེའི་སྐྱེ་མཆེད་དང། དེའི་ཁམས་རྣམས་དོན་གཅིག་གོ་ཞེས་པཎ་ཆེན་ངག་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། དབང་པོ་ལྔ་བོའི་མཚན་ཉིད་ལ། མཛོད་ལས། མིག་གི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ནང་གཟུགས་དང་བ་ཞེས་སོགས་གསུངས་ཤིང། པན་ཀན་ལས། གཟུགས་ཀྱི་ཡུལ་ཅན་དུ་གྱུར་པའི་ནང་གཟུགས་དང་བ་ཞེས་སོགས་གསུངས་ཤིང། ཀུན་བཏུས་ལས། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཞེས་བསྣན་པ་མ་གཏོགས་མཛོད་དང་འདྲའོ། །ལྔ་པོ་དེ་དག་ལ་ཡང་དབྱེ་ན། རྟེན་བཅས་ཀྱི་དབང་པོ་དང། དེ་མཚུངས་ཀྱི་དབང་པོ་གཉིས་སུ་ཡོད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ཅེས་བྱ་བ་ལས་སོ། ། གཟུགས་ལ་སོགས་པ་ཡུལ་ལྔ་པོ་གང་དག་སྨོས་པ་དེ་དག་རྣམས་ཀྱི་རྣམ་པར་ཤེས་པའི་རྟེན་གཟུགས་ཅན་དང་བ་རྣམས་ནི་མིག་ལ་སོགས་པའི་དབང་པོ་སྟེ། མདོ་ལས་དགེ་སློང་མིག་ནི་ནང་གི་སྐྱེ་མཆེད་དེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་གཟུགས་དང་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་དག་ལ་རབ་ཏུ་དབྱེ་བ་ནི་རྟེན་བཅས་དང་དེ་མཚུངས་གཉིས་གཉིས་སུ་དབྱེའོ། །མིག་གི་དོན་ནི་ལྟ་བར་བྱེད་པ་དང་ཉན་པར་བྱེད་པ་དང་སྣོམ་པར་བྱེད་པ་དང་མྱོང་བར་བྱེད་པ་དང་རེག་པར་བྱེད་པ་ལ་མིག་ལ་སོགས་པའི་བརྡ་འདོད་རྒྱལ་བ་ཡིན་ནོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:མིག་སོགས་དབང་པོ་ལྔ་
|; |@@@ | | }}