55926

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:57, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མིག་སྟོང་ཅན་ (1)
Part of speech མིང་ཚིག
Definition ལྷའི་དབང་པོ་བརྒྱ་བྱིན་ཏེ། དྲང་སྲོང་གཽ་ཏ་མ་ལ་ཆུང་མ་ཤོལ་མེད་མ་ཞེས་བྱ་བ་གཟུགས་ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཡོད་པ་དེ། གཽ་ཏ་མ་ཕྱི་ལ་འགྲོ་ཁ་ཤིང་གི་ཁོང་གསེང་ལ་སྦས་པས། ཤོལ་མེད་མ་མ་དགའ་བས་ཕྱིར་ཐོན་པ་དང་། ས་མཚམས་བཅད་ནས་འདིའི་ཕན་མ་འགྲོ་ཞེས་བསྒོས། དྲང་སྲོང་སོང་བའི་ཤུལ་དུ་བརྒྱ་བྱིན་འོངས་ནས་དེ་དང་ལྷན་ཅིག་ཏུ་གནས་སོ། །དྲང་སྲོང་ཕྱིར་འོངས་པའི་སྐབས། བརྒྱ་བྱིན་སྐྲག་ནས་ཤོལ་མེད་མའི་མཚན་མའི་ནང་ལ་ཞུགས་ཏེ་མངལ་དུ་ཡིབས་པ་དང། དྲང་སྲོང་གིས་མངོན་ཤེས་ཀྱིས་རིག་ནས། དམོད་པའི་མེས་བསྲེག་པར་བརྩམས་པ་ན། བརྒྱ་བྱིན་ཕྱིར་བུད། དྲང་སྲོང་གིས་ཁྱོད་ཀྱི་ལུས་ལ་མོ་མཚན་སྟོང་ཡོད་པར་གྱུར་ཅིག་ཅེས་དམོད་བོར་བས་དེ་ལྟར་གྱུར། སླར་བཟོད་པར་གསོལ་བས། མིག་སྟོང་དུ་བྱས་པས་ན་མིག་སྟོང་ཅན་དུ་གྲགས་སོ། །
Type མངོན་བརྗོད།

{{#arraymap:མིག་སྟོང་ཅན་

|; |@@@ | | }}