56400

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:58, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མུན་སེལ་སྐོར་གསུམ་ (1)
Part of speech མིང་ཚིག
Definition སྙིང་ཐིག་བསྟན་པའི་ཤིང་རྟ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་རྒྱུད་རྒྱལ་གསང་བ་སྙིང་པོའི་དགོངས་འགྲེལ་གྱི་བསྟན་བཅོས་རྣམ་གསུམ་སྟེ། མ་རིག་མུན་སེལ་གྱི་མཇུག་བྱང་དུ། གང་འདིར་བདག་བློ་ནགས་རིའི་ཁྲོད་དགའ་ཞིང་། །སྤྲོས་པས་སྐྱོ་ལ་ཏིང་འཛིན་ལྷུར་ལེན་ནའང་། །ཡང་ཡང་བསྐུལ་ཕྱིར་སྙིང་རྗེའི་རླབས་གཡོ་བས། །ཕྱི་རབས་དོན་འགྱུར་སྙམ་ནས་འདི་བརྩམས་སོ། །མིག་ལྡན་རྣམས་ཀྱིས་གཟུ་བོའི་བློས་སྦྱར་ཏེ། །ཇི་བཞིན་དོན་ཉིད་གཟིགས་པས་དགོངས་པར་འགྱུར། །ལུང་རིགས་མན་ངག་རྣམ་བཀྲའི་ཚོགས་མང་བས། །ཅུང་ཟད་མི་འགལ་ལེགས་བཤད་སྤྲིན་ཕུང་འཁྲིགས། །འདི་དོན་རྣམ་བཞིའི་ལེགས་པར་བསྟན་པ་ནི། །སྤྱི་དོན་ཡིད་མཁའི་མུན་པ་སེལ་བ་དང་། །བསྡུས་དོན་མ་རིག་མུན་པ་སེལ་བ་དང་། །གཞུང་དོན་ཕྱོགས་བཅུའི་མུན་པ་སེལ་བ་དང་། །ལམ་རིམ་ཡེ་ཤེས་སྒྲོན་མ་འབར་བ་སྟེ། །ཐེག་མཆོག་སྒྱུ་འཕྲུལ་ཚིག་དོན་གསལ་བ་ཡིན། །རིན་ཆེན་མཆོག་ལས་འདོད་དགུ་སྒྲུབ་པ་བཞིན། །རྒྱུད་དོན་མཆོག་ལས་ཐར་པ་བསྒྲུབ་པའི་ཕྱིར། །བློ་མིག་མཆོག་ལས་ཕུན་ཚོགས་སྒྲུབ་པ་དང་། །ལེགས་བཤད་མཆོག་ལས་དོན་གཉིས་སྒྲུབ་པར་མཛོད། །འདིར་ནི་སྐྱེ་བོ་དགའ་བ་རྣམ་མང་བས། །དད་ལྡན་དོན་གཉེར་དགའ་བས་དགྱེས་པར་མཛོད། །ཅེས་གསུངས་པ་ལྟར། གཞུང་འདི་དག་རྩོམ་དགོས་པའི་བརྒྱུད་རིམ་དང་ནང་དོན་ཇི་ལྟར་བརྩམས་ཚུལ། ཕྱི་རབས་པས་གཞུང་འདི་དག་ལ་ཇི་ལྟར་སློབ་དགོས་ཚུལ་བཅས་གསལ་བར་གསུངས་པ་བཞིན་ནོ། །