56760

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:59, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མེད་པའི་མཐར་འཛིན་ (1)
Part of speech མིང་ཚིག
Definition མདོ། དབུ་མ། མཐར་འཛིན་གཉིས་ཀྱི་ནང་གསེས་ཤིག་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། གཟུགས་ཐ་སྙད་དུ་མེད་པ་མེད་མཐའ། དེར་འཛིན་པ་མེད་པའི་མཐར་འཛིན་ཡིན་ཏེ། དཀོན་བརྩེགས་ལས། འོད་སྲུངས་ཡོད་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ། །མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་སྤངས་པ་ནི་དབུ་མའི་ལམ་མོ། །ཞེས་གསུངས་པ་དང༌། རྩ་ཤེ་ལས། ཡོད་ཅེས་བྱ་བ་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར། ཞེས་གསུངས། ཞིབ་པར་ཆད་པའི་མཐར་འཛིན་ལ་གཟིགས། དེ་ལ་དབྱེ་ན། སྒྲོ་འདོགས་ཀྱི་མེད་པའི་མཐར་འཛིན་དང༌། སྐུར་འདེབས་ཀྱི་མེད་པའི་མཐར་འཛིན་གཉིས། དོན་གཅིག་ལ། ཆད་པའི་མཐར་འཛིན་དང། མེད་པའི་མཐར་འཛིན་ནོ། །
Domain ཆོས་ལུགས།