56796
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག་ཕྱི་ལོ་ ༡༧༦༠ ལོ་ཙམ་ལ་སོག་པོའི་རིགས་སུ་འཁྲུངས། འདས་ལོ་མི་གསལ། རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་ཕྱི་ལོ་ ༡༧༨༠ ལོར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ལས་བསྙེན་པར་རྫོགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གྲྭ་རྒྱུན་དུ་བྱོན། ཀུན་མཁྱེན་དཀོན་མཆོག་འཇིགས་མེད་དབང་པོ་དང་། གུང་ཐང་བསྟན་པའི་སྒྲོན་མེ་བཅས་སློབ་དཔོན་དུ་བསྟེན། དམ་ཆོས་སྤྱི་དང་རིག་གནས་ཀུན་ལ་མཁས་པར་སྦྱངས། ཐུའུ་བཀྭན་ཆོས་ཀྱི་རྡོ་རྗེ་བཤེས་གཉེན་དུ་བསྟེན། དཀའ་བཅུ་པའི་མཚན་སྙན་བཞེས། གསུང་རྩོམ་ནི་ཀ་ནས་ཏའི་བར་པོད་དགུ་བཞུགས། |
{{#arraymap:མེར་ཀེན་མཁན་པོ་བློ་བཟང་ཚེ་འཕེལ་
|; |@@@ | | }}