57025
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། འདི་ལྟར་བསྒྲུབ་པར་དཀའ་བའི་དགེ་བའི་རྩ་བ་སྦྱོར་བས་རླབས་པོ་ཆེའི་མོས་པ། རྒྱན་སྣ་ཚོགས་མངོན་པར་སྒྲུབ་པས་སྣ་ཚོགས་ཀྱི་མོས་པ། ཡིད་ཞུམ་པ་མེད་པས་རྒྱ་ཆེན་པོའི་མོས་པ། ཆོས་ཟབ་མོའི་ཚུལ་ལ་ཞུགས་པས་ཞི་བར་བྱེད་པའི་མོས་པ། སེམས་རྒྱ་ཆེན་པོ་བསྐྱེད་པས་ཡངས་པའི་མོས་པ། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱི་མཐུ་དང་། ཤུགས་སུ་ལྡན་པས་རང་གི་སྐབས་ཕྱེ་བའི་མོས་པ། བདུད་ཀྱི་ལས་ཐམས་ཅད་རབ་ཏུ་འཇོམས་པས་མི་འཕྲོགས་པའི་མོས་པ། ལས་ཀྱི་རྣམ་པར་སྨིན་པ་ལ་གཅིག་ཏུ་ངེས་པས་ཤིན་ཏུ་གདོན་མི་ཟ་བའི་མོས་པ། ཅི་འདོད་པའི་ཆོ་འཕྲུལ་ཡོངས་སུ་སྟོན་པས་མངོན་དུ་གྱུར་པའི་མོས་པ། སྟོབས་དང་མི་ལྡན་པ་མེད་པའི་ཕྱིར། དུས་གང་དུ་འདོད་པར་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བས་སངས་རྒྱས་ཐམས་ཅད་ཀྱིས་ལུང་བསྟན་པ་ཡང་དག་པར་ནོད་པའི་མོས་པའོ། ། |
Domain | ཆོས་ལུགས། |
{{#arraymap:མོས་པ་བཅུ་
|; |@@@ | | }}