57027
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གསུམ་པ་དངོས་པོ་གང་བསྒོམ་པ་ཡོད་དེ། མོས་པ་ཡིད་བྱེད་ཀྱིས་བསྒོམ་པ་དང་། དེ་ཁོ་ན་ཉིད་ཡིད་བྱེད་ཀྱིས་བསྒོམ་པ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་བསྒོམ་པ། ཞེ་སྡང་གི་གཉེན་པོར་བྱམས་པ་བསྒོམ་པ། གཏི་མུག་གི་གཉེན་པོར་ཁམས་ཀྱི་རབ་དབྱེ་དང་། རྟེན་འབྲེལ་བསྒོམ་པར་གསུངས་པ་ལྟ་བུ་དང་། མཛོད་ལས། ཀེང་རུས་ཆགས་བཅས་ཐམས་ཅད་ལ། ཞེས་སོགས་གསུངས། |
Domain | ཆོས་ལུགས། |
{{#arraymap:མོས་པ་ཡིད་བྱེད་ཀྱིས་བསྒོམ་པ་
|; |@@@ | | }}