57057

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:59, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མོས་སྤྱོད་བྱང་སེམས་ཀྱི་དཔེ་དོན་ (1)
Part of speech མིང་ཚིག
Definition མདོ། དབུ་མ། མར་ངོའི་བཅུ་བཞིའི་ཟླ་བ་དང་། ལྗོན་ཤིང་གི་ས་བོན་ས་འོག་ཏུ་བཅུག་ནས་མྱུ་གུ་མ་ཐོན་པའི་གནས་སྐབས་དང་། ནམ་མཁའ་ལྡིང་གི་ཕྲུ་གུ་སྒོ་ངའི་སྦུབས་ན་གནས་པའི་གནས་སྐབས་དང་། འཁོར་ལོ་སྒྱུར་བའི་རྒྱལ་པོའི་བུ་མངལ་ན་གནས་པའི་གནས་སྐབས་རྣམས་མོས་སྤྱོད་ཀྱི་གནས་སྐབས་དང་དཔེ་དོན་སྦྱར་བ་ཡིན་ནོ། །ཀུན་མཁྱེན་གོ་རམས་པས་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། །མར་ངོའི་ཚེས་བཅུ་བཞིའི་དཔེས་མཚོན་པའི་བྱང་སེམས། ལྗོན་ཤིང་གི་ས་བོན་ས་འོག་ཏུ་བཅུག་ནས་མྱུ་གུ་མ་ཐོན་པའི་གནས་སྐབས་ཀྱི་དཔེས་མཚོན་པའི་བྱང་སེམས། མོས་སྤྱོད་ཀྱི་གནས་སྐབས་ཀྱི་བྱང་སེམས། ས་མ་ཐོབ་པའི་བྱང་སེམས་རྣམས་དོན་གཅིག་གོ །ཞེས་མཁན་ཆེན་ངག་ཆོས་ཀྱིས་དབུ་མའི་སྤྱི་དོན་ལས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:མོས་སྤྱོད་བྱང་སེམས་ཀྱི་དཔེ་དོན་

|; |@@@ | | }}