57128

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:00, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མྱང་འདས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། སྐབས་འདིར་མྱང་འདས་ཞེས་པ་ནི། ལས་ཉོན་སོགས་མྱ་ངན་དུ་བྱས་ནས་དེ་ལས་འདས་པའི་བྲལ་ཆ་ཞིག་ལ་མྱང་འདས་ཟེར། མཚན་ཉིད་ལ། མྱང་འདས་སྤྱིའི་རྣམ་བཞག་བཤད་པ་དང། ལྷག་བཅས་ལྷག་མེད་ཀྱི་རྣམ་བཞག་བྱེ་བྲག་ཏུ་བཤད་པ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཉོན་སྒྲིབ་མ་ལུས་པར་སྤངས་པའི་སོ་སོར་བརྟགས་འགོག་མྱང་འདས་ཀྱི་ངོ་བོ་དང། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། རང་བཞིན་གྱི་མྱང་འདས། མི་གནས་པའི་མྱང་འདས། ལྷག་བཅས་མྱང་འདས། ལྷག་མེད་མྱང་འདས་དང་བཞིར་ཡོད་པའི་ཕྱིར། དང་པོ་ནི། ཆོས་ཉིད་ལྟ་བུ་ལ་བརྗོད་དེ་འདིར་འདའ་རྒྱུའི་མྱ་ངན་བདེན་གྲུབ་ལ་བྱས་ནས་དེ་ལས་འདས་པའམ་དེ་བཀག་པས་ན་དེ་ལྟར་བཤད་པའི་ཕྱིར། གཉིས་པ་ནི། སྒྲིབ་གཉིས་སྤངས་པའི་འགོག་བདེན་ལ་འཇོག་སྟེ། དེ་སྲིད་ཞིའི་མཐའ་ལ་མི་གནས་པའི་ལམ་སྒོམ་སྟོབས་ཀྱིས་ཐོབ་པའི་སྤངས་པ་མཐར་ཐུག་ཡིན་པའི་ཕྱིར། གཉིས་པ་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་བྱེ་བྲག་ཏུ་བཤད་པ་ལ། ལུགས་གསུམ་ཡོད་དེ། ཉན་ཐོས་སྡེ་པའི་ལུགས། སེམས་ཙམ་པའི་ལུགས། དབུ་མ་པའི་ལུགས་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཉན་ཐོས་སྡེ་གཉིས་ཀྱིས་མྱང་འདས་སྤྱིར་འདུས་མ་བྱས་དང། འདུས་མ་བྱས་གསུམ་མམ་བཞིའི་ནང་ནས་སོ་སོར་བརྟགས་འགོག་ཏུ་འདོད་ལ། ནང་གསེས་ཀྱི་ཕྱེ་ན། བྱེ་བྲག་སྨྲ་བས་མ་ཡིན་དགག་དང། མདོ་སྡེ་པས་མེད་དགག་ཏུ་འདོད་པའི་ཕྱིར། འོ་ན་ལུགས་འདི་ལ་ལྷག་མ་དང་བཅས་མ་བཅས་ཀྱི་དོན་ཅི་ལྟ་བུ་ཞེ་ན། མྱང་འདས་གཉིས་ཉོན་མོངས་སྤངས་པ་གཞིར་བཅས་ལ། ཕུང་པོའི་རྒྱུན་མ་ལོག་པར་དང་རྒྱུན་ཆད་པ་ཉིད་ལ་འདོད་དོ། །གཉིས་པ་སེམས་ཙམ་པའི་ལུགས་ལ་གཉིས་ཡོད་དེ། ལུང་གི་རྗེས་འབྲང་གི་སེམས་ཙམ་པའི་ལུགས་དང། རིགས་པའི་རྗེས་འབྲང་གི་སེམས་ཙམ་བའི་ལུགས་གཉིས་ཡོད་པའི་ཕྱིར། དང་པོ་ནི། ཉན་ཐོས་སྡེ་པ་དང་མཚུངས་སོ། །གསུམ་པ་དབུ་མ་པའི་ལུགས་ལ་གཉིས་ཡོད་དེ། ཐེག་དམན་གྱི་དབང་དུ་བྱས་པ་དང། ཐེག་ཆེན་གྱི་དབང་དུ་བྱས་པ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཉོན་སྒྲིབ་ཟད་པར་སྤངས་ཤིང་སྔ་མའི་ལས་ཉོན་གྱིས་འཕངས་པའི་སྡུག་བསྔལ་གྱི་ཕུང་པོ་དང་བཅས་པའི་དམན་པའི་སོ་སོར་བརྟགས་འགོག་དམན་པའི་ལྷག་བཅས་མྱང་འདས་ཀྱི་ངོ་བོ་དང། ཕུང་པོ་དེ་དང༌བྲལ་བའི་དམན་པའི་སོ་སོར་བརྟགས་འགོག་དམན་པའི་ལྷག་མེད་མྱང་འདས་ཀྱི་ངོ་བོ་ཡིན་པའི་ཕྱིར། ལྷག་མེད་མྱང་འདས་ཀྱི་ཚེ་འདུ་བྱེད་ཀྱི་འཇུག་པ་རྒྱུན་ཆད་པར་མི་བཞེད་དེ། ལྷག་མེད་མྱང་འདས་པ་ལ་དེ་བཞིན་གཤེགས་པའི་གསུང་གི་འོད་ཟེར་གྱིས་བསྐུལ་ནས་ཐེག་ཆེན་ལམ་དུ་འཇུག་པར་བཤད་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:མྱང་འདས་

|; |@@@ | | }}

མྱང་འདས་ (2)
Part of speech མིང་ཚིག
Definition ལས་ཉོན་མ་ལུས་པར་སྤངས་པའི་སོ་སོར་བརྟགས་འགོག་དེ། མྱང་འདས་ཀྱི་མཚན་ཉིད་དོ་ཞེས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །

{{#arraymap:མྱང་འདས་

|; |@@@ | | }}

མྱང་འདས་ (3)
Part of speech མིང་ཚིག
Definition ཉོན་སྒྲིབ་སྤངས་པའི་སོ་སོར་བརྟགས་འགོག མྱང་འདས་དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། རང་བཞིན་གྱི་མྱང་འདས། མི་གནས་པའི་མྱང་འདས། ཐེག་དམན་གྱི་མྱང་འདས་དང་གསུམ། དང་པོ་ནི། སྟོང་ཉིད་ལྟ་བུ།

{{#arraymap:མྱང་འདས་

|; |@@@ | | }}

མྱང་འདས་ (4)
Part of speech མིང་ཚིག
Definition ཉོན་སྒྲིབ་སྤངས་ཤིང་འདུས་མ་བྱས་ཀྱི་རབ་ཏུ་ཕྱེ་བའི་རྣམ་བྱང་གི་བདེན་པར་དམིགས་པ། དབྱེ་ན། རང་བཞིན་གྱི་ཡོངས་སུ་མྱ་ངན་ལས་འདས་པ། མི་གནས་པའི་མྱང་འདས། ཉན་ཐོས་ཀྱི་མྱང་འདས། བྱང་ཆུབ་སེམས་དཔའི་མྱང་འདས། དེ་བཞིན་གཤེགས་པའི་མྱང་འདས་སོགས་གསུངས་སོ། །དང་པོ་ནི། སེམས་རང་བཞིན་གྱི་དྲི་མས་རྣམ་པར་དག་པ་ལྟ་བུ། གཉིས་པ་ནི། སྲིད་ཞིའི་མཐའ་ལས་བརྒལ་བའི་འགོག་བདེན་ལྟ་བུ། གསུམ་པ་ནི། ཉན་ཐོས་རྣམས་སྐུ་ཚེའི་འདུ་བྱེད་གཏོང་བ་དང། དགྲ་བཅོམ་པའི་གོ་འཕང་ཐོབ་པ་ལྟ་བུ། བཞི་པ་ནི། བྱང་ཆུབ་སེམས་དཔའི་སྐུ་ཚེའི་འདུ་བྱེད་གཏོང་བ་ལྟ་བུ། ལྔ་པ་ནི། དེ་བཞིན་གཤེགས་པའི་གོ་འཕང་བརྙེས་པ་དང། དེ་བཞིན་གཤེགས་པའི་སྐུ་ཚེའི་འདུ་བྱེད་སྐལ་དམན་གྱི་ངོ་བོར་སྟོང་པ་ལྟ་བུའོ། །

{{#arraymap:མྱང་འདས་

|; |@@@ | | }}

མྱང་འདས་ (5)
Part of speech མིང་ཚིག
Definition ཉོན་སྒྲིབ་སྤངས་པའི་བྲལ་བ། དེ་དང་ཐར་པ་དོན་གཅིག དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། རང་བཞིན་གྱི་མྱང་འདས། ཐེག་དམན་གྱི་མྱང་འདས། ཐེག་ཆེན་གྱི་མྱང་འདས་དང་གསུམ་ཡོད། དང་པོ་དང་དོན་དམ་བདེན་པ་དོན་གཅིག ཡང་དེ་ལ་དབྱེ་ན། ཐེག་ཆེན་གྱི་མྱང་འདས་དང། ཐེག་དམན་གྱི་མྱང་འདས་གཉིས་ཡོད། ཤེས་སྒྲིབ་སྤང་པའི་བྲལ་བ། མི་གནས་པའི་མྱང་འདས་ཀྱི་མཚན་ཉིད། དེ་དང་ཐེག་ཆེན་གྱི་མྱང་འདས། སངས་རྒྱས་ཀྱི་སའི་འགོག་བདེན་དོན་གཅིག མི་གནས་པའི་མྱང་འདས་ལ་ངོ་བོའི་སྒོ་ནས་དབྱེ་ན། གང་ཟག་གི་བདག་མེད་ཕྲ་མོར་གྱུར་པའི་དེ། ཆོས་ཀྱི་བདག་མེད་རགས་པར་གྱུར་པའི་དེ། ཆོས་ཀྱི་བདག་མེད་ཕྲ་མོར་གྱུར་པའི་དེ་དང་གསུམ་ཡོད།

{{#arraymap:མྱང་འདས་

|; |@@@ | | }}