57175

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:00, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མྱུར་མགྱོགས་བར་སྣང་གློག་གི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition བོན། སྔགས། སྤྱོད་རྒྱུད། ཕྱག་རྒྱ་ཞིག་གི་མིང་སྟེ། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་ཕོ་བྲང་བརྩིགས་པ་ལ་ཕྱག་རྒྱ་དང་། སྙིང་པོ། རྫས། ཚིག་བཤད། ཏིང་འཛིན་དང་ལྔའི་སྒོ་ནས་བསྟན་ལ། ཕྱག་རྒྱ་བཅའ་ལུགས་ནི། མདོ་གཟེར་མིག་ལས། ལག་པ་གཉིས་ཀ་མདུན་དུ་ཕྱེད་བརྐྱང་ཙམ་རེ་བྱས་ནས། སོར་མོ་གཟིངས་ཀྱིན་ཡས་མར་མགྱོགས་པར་བསྐོར་རོ། །ཞེས་སོ། །དེའི་བརྡ་མཚོན་ནི། གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་བ་ནམ་མཁའི་ནོར་བུ་ལས། སོར་མོ་གཟེངས་ཀྱིན་ཡས་མར་མགྱོགས་པ་ནི། དཀྱིལ་འཁོར་བརྩིགས་པའི་ལས་ལ་མྱུར་དུ་སྦྲན་པའི་བརྡའོ། །ཞེས་སོ། །
Domain ཆོས་ལུགས།

{{#arraymap:མྱུར་མགྱོགས་བར་སྣང་གློག་གི་ཕྱག་རྒྱ་

|; |@@@ | | }}