57203

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:00, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མྱོང་ངེས་ཀྱི་ལས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མྱོང་བར་ངེས་པའི་ལས་གང་ཞེ་ན། ཀུན་སློང་ཉོན་མོངས་པ་དྲག་པོས་བྱས་པའི་མི་དགེ་བ་དང་། རབ་ཏུ་དང་བ་དྲག་པོས་བྱས་པའི་དགེ་བ་དང་། ཀུན་སློང་ཉོན་མོངས་པ་དང་རབ་ཏུ་དང་བ་དྲག་པོའང་མེད་ལ་རྒྱུན་དུ་བྱེད་པའང་མེད་ཀྱང་། དཀོན་མཆོག་གསུམ་དང་། འབྲས་བུ་ཁྱད་པར་ཅན་རྒྱུན་ཞུགས་དང་དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་དང་། སྙོམས་འཇུག་ཁྱད་པར་ཅན་འགོག་པ་དང་བྱམས་པ་དང་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལ་གནས་པའི་ཡོན་ཏན་གྱི་ཞིང་ལ་ཕན་གནོད་བྱེད་པ་དང་། དགེ་བ་དང་མི་དགེ་བ་རྒྱུན་ཆགས་སུ་བྱེད་པ་གང་ཞིག་ཡིན་པ་དང་། དེ་བཞིན་དུ་ཀུན་སློང་དྲག་པོ་དང་རྒྱུན་དུ་བྱེད་པ་མེད་ཀྱང་ཕ་མ་གསོད་པའི་ལས་གང་ཡིན་པ་དེ། པར་སིག་པ་རྣམས་ཀྱི་ལྟར་བསོད་ནམས་ཀྱི་བློས་བྱས་ཀྱང་མཚམས་མེད་དུ་འགྱུར་བས་ན་རྣམ་པར་སྨིན་པ་མྱོང་བར་ངེས་སོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:མྱོང་ངེས་ཀྱི་ལས་

|; |@@@ | | }}

མྱོང་ངེས་ཀྱི་ལས་ (2)
Part of speech མིང་ཚིག
Definition བསམ་པའི་ངེས་པ། ཞིང་གི་ངེས་པ། སྦྱོར་བའི་ངེས་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ནི། ཉོན་མོངས་པ་དང་རབ་ཏུ་དང་བ་དྲག་པོ་མི་དགེ་བ་དང་དགེ་བ་དང་དགེ་བ་བྱེད་པ་ལྟ་བུ། གཉིས་པ་ནི། དཀོན་མཆོག་དང་ཕ་མ་ལ་ཕན་གནོད་ཀྱི་ལས་བྱེད་པ་ལྟ་བུ། གསུམ་པ་ནི། རྒྱུན་ཆགས་སུ་དགེ་མི་དགེའི་ལས་བྱེད་པ་ལྟ་བུ་ཡིན་པའི་ཕྱིར།

{{#arraymap:མྱོང་ངེས་ཀྱི་ལས་

|; |@@@ | | }}