57351

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:00, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཙ་མ་ (1)
Part of speech མིང་ཚིག
Definition རྒྱ་གར་གྲུབ་ཆེན་ཙ་མ་རི་པ་ཞེས་བྱ་བ་ལྷམ་མཁན་ཞབས། དེ་ཡང་ཡུལ་རྒྱ་གར་ཤར་ཕྱོགས། བིཥྞུ་ན་ག་ར་བྱ་བའི་གྲོང་ཁྱེར་ན། བཟོ་རིགས་བཅོ་བརྒྱད་ཚང་བར་ཡོད་པ་ལས་རིགས་ལྷམ་མཁན། རང་ཉིད་ཀྱང་ལྷམ་བཟོའི་ལས་ཀྱིས་འདའ་བ་ལས། དེར་དགེ་སློང་ཞིག་འོང་བ་ཁྱིམ་དུ་གདན་དྲངས་ནས་བཞེས་པ་གྱ་ནོམ་པ་དྲངས་ཤིང་། ཆུང་མ་དང་བུ་མོ་སོགས་ཡོ་བྱད་ཀུན་ལ་ཕུལ་བ་སོགས་བསྙེན་བཀུར་རྒྱ་ཆེན་པོ་བྱས་པས། དགེ་སློང་དགྱེས་ནས་ལྷམ་མཁན་ཆུང་མ་དང་བཅས་པར་དབང་བསྐུར། གདམས་ངག་བྱིན། སྒོམ་ཚུལ་གསུངས་པས། ལྷམ་མཁན་གྱིས་རང་ཁྱིམ་རྙིང་སྤངས་ཏེ་དགོན་པར་བསྒོམས་པས། འཁོར་བ་ལ་སྐྱོ་བ་དང་། འབྱུང་བ་རྣམས་རིམ་པས་ཆོས་ཉིད་དུ་ཐིམ་པ་ལ་སོགས་པའི་རྟགས་བྱུང་ཞིང་། འདི་ལྟ་བུའི་རྟོགས་པའང་སྐྱེས་ཏེ། རྩ་བའི་ཉོན་མོངས་དྲུག་དཔེས་རྟོགས་ནས་བླ་མའི་གདམས་ངག་གི་ལྷམ་གྱོན་ཏེ། མ་རིག་པའི་ས་གཞི་ཐམས་ཅད་ཁེབས་པར་བྱས་ནས་ལོ་བཅུ་གཉིས་སུ་བསྒྲུབས་པས། མ་རིག་པ་སོགས་དྲི་མ་ཐམས་ཅད་དག་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་གྱུར་ལ། ལོ་བཅུ་གཉིས་ཀྱི་བར་ཉིན་མཚན་མེད་པར་ལྷམ་བཟོའི་ལས་ཐམས་ཅད་བི་ཤྭ་ཀརྨ་ལ་སོགས་པས་བྱས་པས། ཡུལ་དེའི་སྐྱེ་བོ་རྣམས་ཀྱིས་ཤེས་ཏེ་འདུས་ནས་གདམས་པ་ཞུ་བྱས་པས། བླ་མ་བསྟེན་པའི་ཕན་ཡོན་ལ་སོགས་པ་གསུངས་ལ། བིཥྞུ་ན་ག་རའི་སེམས་ཅན་ལ་ཆོས་མང་དུ་བཤད་ནས། མིང་དུ་ཡང་རྣལ་འབྱོར་བ་ཙ་མ་རི་པ་ཞེས་ཕྱོགས་ཀུན་ཏུ་གྲགས་ཤིང་འགྲོ་དོན་དཔག་མེད་མཛད་ནས་མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །

{{#arraymap:ཙ་མ་

|; |@@@ | | }}