57777

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:01, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚ་ (1)
Part of speech མིང་ཚིག
Definition བོད་ཡིག་གི་གསལ་བྱེད་བཅོ་བརྒྱད་པ་སྟེ། འདིའི་ང་རོ་འདོན་ཚུལ་ནི། སྐྱེ་གནས་སོ་དང་རྐན། བྱེད་པ་ལྕེ་རྩེ་དང་ཤིན་ཏུ་ཉེ་བ། སྒྲ་འབྱིན་ཚུལ་ལྷོད་པ། མིང་གཞིའི་རྟགས་ཀྱི་དབྱེ་བའི་མ་ནིང་གི་ཡི་གེ་ཞིག
ཚ་ (2)
Part of speech མིང་ཚིག
Definition རྗེས་གྲུབ་ཀྱི་མིང་ལ་ལན་ཚའི་ཚབ་ཏུ་འཇུག་པ་སྟེ།
Example རྒྱ་ཚ། བྱང་ཚ་ཞེས་པ་ལྟ་བུ།
ཚ་ (1)
Part of speech རྒྱན་ཚིག
Definition གྲང་གི་ལྡོག་ཟླ་སྟེ། ཚ་བོ་ཡི་བསྡུས་ཚིག
Keyword True
Example ཚ་གྲང་འཐབ་པ། ཚ་དམྱལ་དང་གྲང་དམྱལ་ལྟ་བུ།
Antonyms གྲང་།
ཚ་ (2)
Part of speech རྒྱན་ཚིག
Definition མེས་བསྲེགས་པ་ལྟ་བུའི་ན་ཟུག་ལངས་ཚུལ་ཏེ།
Keyword True
Example སུར་པན་ཁ་ཚ། གློག་འོད་ཀྱིས་ལུས་ཚ་ལམ་ལམ་བྱེད་ལྟ་བུ།
ཚ་ (3)
Part of speech རྒྱན་ཚིག
Definition མཚོན་ཆ་སོགས་རྣོ་ངར་ཆེ་བའི་རྣམ་པ་སྟེ།
Example རལ་གྲི་དབལ་ཚ་བ་ལྟ་བུ།
ཚ་ (4)
Part of speech རྒྱན་ཚིག
Definition བྱ་སྤྱོད་སོགས་ཚད་ལས་འདས་པའི་དོན་ཏེ།
Example གདུག་རྩུབ་ཚ་བོ། བུ་མོ་ཀྲོག་ཀྲོག་ཚ་བོ་ལྟ་བུ།
Type ཡུལ་སྐད།