58018

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:01, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚང་གསར་ངག་དབང་འཕྲིན་ལས་ (1)
Part of speech མིང་ཚིག
Definition ཁོང་ནི་འབའ་རོམ་བཀའ་བརྒྱུད་ཀྱི་དགོན་སྡེ་བླ་ཁྱབ་དགོན་བྱང་ཆུབ་ཆོས་གླིང་གི་བླ་རབས་དང་པོ་དེ་ཡིན། ཡབ་ཚང་གསར་ཀརྨ་ངང་དར་དང་ཡུམ་ལྷ་གཅིག་བཟང་ཆོས་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཀརྨ་པ་ཡེ་ཤེས་རྡོ་རྗེ་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མའི་ཞབས་ལ་བསྙེན་ནས་སྡེ་སྣོད་དང་རྒྱུད་སྡེ་རབ་འབྱམས་ལ་མཁྱེན་པ་རྒྱས། ཁུ་བོ་བླ་མ་རིན་ཆེན་ལྷུན་གྲུབ་ལས་སྒྲུབ་བརྒྱུད་འབའ་རོམ་པའི་གདམས་སྐོར་སྤྱི་དང་ཐབས་གྲོལ་ཟབ་མོའི་མན་ངག་རྫོགས་པར་གསན་ཏེ་སྒྲུབ་པ་ལ་གཞོལ་བས་མཁས་གྲུབ་གཉིས་ལྡན་ཀྱི་མཛད་པས་འགྲོ་མང་སྨིན་གྲོལ་ལ་བཀོད་པའི་ཕྲིན་ལས་རྒྱ་ཆེར་བྱུང་། ཕྱི་ནང་གསང་བའི་རྟེན་འབྲེལ་གྱི་སྒོ་དུ་མ་འགྲིག་པས་འགྲོ་དོན་མཐར་ཕྱིན། མཐར་བླ་ཁྱབ་དགོན་དུ་སྐུ་གཤེགས་པ་དང་གདུང་མཆོད་འབུལ་བའི་སྐབས་རྣམས་སུའང་མེ་ཏོག་གི་ཆར་དང་འཇའ་ཡི་གུར་ངེས་མེད་དུ་སྤོས་དྲི་ལྡང་བ་དང་འཕེལ་གདུང་མང་དུ་བྱོན་པ་སོགས་དད་རྐྱེན་སྣང་བ་འགྱུར་བའི་ངོ་མཚར་མངོན་དུ་གྱུར་བ་མང་ཞིང་། སྐུ་དམར་གདུང་རྟེན་གྱི་གཙོ་བོ་བཞུགས། གཞན་ཕན་གྱི་བསམ་སྦྱོར་དང་རིམ་གཉིས་ཀྱི་དྲོད་ཚད་མི་དམན་པའི་བྱ་བྲལ་རྣལ་འབྱོར་པ་ཕྲིན་ལས་ཀྱི་རྒྱུན་སྐྱོངས་བའི་སློབ་ཚོགས་ཀྱང་མང་དུ་བྱོན་ངོ་།

{{#arraymap:ཚང་གསར་ངག་དབང་འཕྲིན་ལས་

|; |@@@ | | }}