58062

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:01, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚངས་པ་ (1)
Part of speech མིང་ཚིག
Definition སངས་རྒྱས་ཤིག་མཚན་ཏེ། འཕགས་པ་ཕུང་པོ་གསུམ་པའི་མདོ་ལས་གསུངས་པའི་བདེ་གཤེགས་སོ་ལྔའི་ཡ་གྱལ་ཡིན། བཅོམ་ལྡན་འདས་ཚངས་པ་སེར་པོ་ཕྱག་གཡས་ས་གནོན་དང་གཡོན་མཉམ་བཞག་མཛད་པ། སྐུ་ལ་ཆོས་གོས་གསོལ་ཞིང༌། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ། །
Domain ཆོས་ལུགས།
ཚངས་པ་ (2)
Part of speech མིང་ཚིག
Definition ཁམས་གོང་མ་གཉིས་ཀྱི་གནས་ཏེ། འདོད་པའི་ཉོན་མོངས་པས་གཙང་བའམ་དག་པས་ན་ཚངས་པ་ཞེས་བྱ་ལ། ཁམས་གོང་མ་གཉིས་ཀྱི་སས་བསྡུས་པ་ཐམས་ཅད་ལ་ཚངས་པའི་སྒྲས་བརྗོད་པའོ། །
ཚངས་པ་ (3)
Part of speech མིང་ཚིག
Definition རྒྱ་གར་གྱི་རིགས་བཞི་བརྩི་སྲོལ་ནང་གི་རིགས་མཐོ་ཤོས་དེ། བྲམ་ཟེའི་རིགས།
ཚངས་པ་ (4)
Part of speech མིང་ཚིག
Definition བྲམ་ཟེའི་ཆོས་ལུགས་དང་རིག་བྱེད་ཀྱི་གཏམ་རྒྱུད་སོགས་ནས་བཤད་པའི་འཇིག་རྟེན་པའི་ལྷ་ཞིག་སྟེ། དེ་ཡང་རིག་བྱེད་པ་རྣམས་འཇིག་རྟེན་འདི་དག་ཚངས་པས་བྱས་པར་འདོད།
Synonyms ཚངས་པ་ཆེན་པོ། ཀུན་བྱེད་རྒྱལ་པོ། དགའ་བ་བརྒྱ་བ། བརྒྱ་འཛིན། ངང་བ་བཞོན། སྔོན་སྐྱེས། འཇིག་རྟེན་མེས་པོ། མཆོག་གནས། སྙིང་སྟོབས་ཅན། སྟེང་གི་ཕྱོགས་སྐྱོང་། སྟོང་གསུམ་འཇིག་རྟེན་བདག་པོ། གདོང་བཞི། བདེ་བསྐྱེད། པད་དཀར་འཆང་། པད་མའི་སྐྱེ་གནས། དབྱིག་གི་སྙིང་། མ་སྐྱེས། རིག་བྱེད་དབང་པོ། སྲོག་བྱེད། གསེར་མངལ་ཅན། ལྷ་ཡི་མཆོག བྲཧྨཱ། ཀུན་བྱེད། རྣམ་དབྱེ། སྐྱེ་དགུའི་བདག་པོ། འཇིག་རྟེན་བྱེད་པོ། འགྲོ་བའི་བྱེད་པོ། བྱེད་པོ། སྣ་ཚོགས་སྒྲུབ་བྱེད། སྣ་ཚོགས་སྦྱིན་བྱེད། སྒྲུབ་བྱེད། སྣ་ཚོགས་བྱེད་པོ། སྣ་ཚོགས་བཟོ། འགོད་བྱེད། མང་སྤྲུལ། ངང་བའི་ཤིང་རྟ། ལྷ་ལས་རྒན། སྔོན་དུ་གནས། མེས་པོ། མི་མཇེད་བདག་པོ། འཇིག་རྟེན་དབང་། འཇིག་རྟེན་དབང་ཕྱུག གདོང་བཞི་བ། འདྲེན་བྱེད་བརྒྱད་པ། རྣ་བ་བརྒྱད་པ། ཟ་བྱེད་བཞི། རང་སྐྱོན་ཅན། ཉེས་ཅན། བདེ་སྐྱེས། བདེ་འབྱུང་། བདེ་ཤེས། པད་མས་མཚན། པད་མའི་མངལ་བྱུང་། ལྟེ་བ་སྐྱེས། པད་མའི་གདན། པད་མ་ཅན། པད་སྐྱེས། ཆུ་སྐྱེས་མངལ། ཆུ་སྐྱེས། རང་བྱུང་། བདག་སྐྱེས། རིག་བྱེད་སྙིང་པོ། རིག་བྱེད་དྲན་པོ། རིག་བྱེད་གདོང་། སྦྱིན་བྱེད། འབྱིན་བྱེད། འཛིན་སྐྱེས། འཛིན་བྱེད། གསེར་མངལ་ཅན། གཉིས་སྐྱེས་དབང་པོ། ལྷ་རྣམས་ཀྱི་གཙོ་པོ། ཐིག་ལེ་དཔྱིད་གྱུར་སྒེག་མོ། སྡུག་མོ།