58086

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:01, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚངས་པའི་བསོད་ནམས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཚངས་པའི་བསོད་ནམས་གང་ཞེ་ན། བྱེ་བྲག་སྨྲ་བ་ནི། མཚན་རྣམ་པར་སྨིན་པའི་བསོད་ནམས་རེ་རེའི་ཚད་མཉམ་པ་ལ་འདོད་ལ། སྔོན་གྱི་སློབ་དཔོན་ནི། སྔར་མ་བྱས་པའི་ས་ཕྱོགས་སུ་ཐུབ་པའི་སྐུ་གདུང་གི་མཆོད་རྟེན་བྱེད་པ་དང་། ཕྱོགས་བཞིའི་དགེ་འདུན་ལ་ཀུན་དགའ་ར་བ་འབུལ་ཞིང་དེར་གཙུག་ལག་ཁང་བརྩིག་པ་དང་། ཐུབ་པའི་ཉན་ཐོས་བྱེ་བ་བསྡུམ་པ་དང་། བྱམས་པ་ཚད་མེད་བསྒོམ་པ་དང་བཞིས་བར་བསྐལ་བཞི་བཅུའི་བར་དུ་སྐྱེ་བ་བརྒྱུད་མར་མཐོ་རིས་སུ་དགའ་བར་གནས་པའི་ཕྱིར་ཚངས་པ་འདུན་ན་འདོན་གྱི་བསོད་ནམས་དང་འདྲ་བས་ན་དེ་བཞིའི་བསོད་ནམས་ལ་ཚངས་པའི་བསོད་ནམས་ཞེས་བཤད་དོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། ། བྱེ་བྲག་ཏུ་སྨྲ་བ་ནི་ཚངས་པའི་བསོད་ནམས་ནི་མཚན་རྣམ་པར་སྨིན་པ་ཅན་གྱི་ལས་ཏེ། ངེས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་མ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་ཀྱི་འབྲས་བུ་ཅན་ནོ་ཞེས་བྱ་བ་ལ་སོགས་པའོ་ཞེས་ཟེར་རོ། །གང་ལྟར་ཡང་ཚངས་པའམ། ཚངས་པར་སྐྱེ་བའི་བསོད་ནམས་དང་འདྲ་བའི་ཕྱིར་ཚངས་པའི་བསོད་ནམས་ཏེ། འདོད་པའི་མཐོ་རིས་སུ་ཚེ་མཐུད་ཅིང་བར་བསྐལ་བཞི་བཅུར་བདེ་བ་མྱོང་བ་ཡིན་ནོ། །ཁ་ཅིག་ན་རེ་བསོད་ནམས་ཆེན་པོ་ལ་ཚངས་པའི་བསོད་ནམས་ཞེས་བྱའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:ཚངས་པའི་བསོད་ནམས་

|; |@@@ | | }}