58088

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:01, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚངས་པའི་བསོད་ནམས་སྐྱེད་པ་ (1)
Part of speech མིང་ཚིག
Definition མདོ་ལས་གང་ཟག་བཞི་ནི་ཚངས་པའི་བསོད་ནམས་སྐྱེད་དོ་ཞེས་གསུངས་པ་སྟེ། སྔར་མ་བྱས་པའི་ས་ཕྱོགས་སུ་དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོག་རྟེན་བྱེད་པ་དང་། དེ་བཞིན་དུ་ཕྱོགས་བཞིའི་དགེ་འདུན་ལ་ཀུན་དགའ་ར་བ་འབུལ་ཞིང་དེ་ཉིད་དུ་གཙུག་ལག་ཁང་རྩིག་པ་དང་། དེ་བཞིན་གཤེགས་པའི་ཉན་ཐོས་བྱེ་བ་སྡུམ་པ་དང་། བྱམས་པ་ཚད་མེད་སྒོམ་པ་རྣམས་རིམ་པ་བཞིན་གང་ཟག་བཞིའི་ཚངས་པའི་བསོད་ནམས་སྐྱེད་པའོ། །དེ་ལྟ་བུའི་ཚངས་པའི་བསོད་ནམས་སྐྱེད་ཀྱི་ཚད་འདོད་ཚུལ་དུ་མ་ཡོད་དེ། བྱེ་བྲག་ཏུ་སྨྲ་བས། མཚན་རྣམ་པར་སྨིན་པ་ཅན་གྱི་ལས་ཏེ། ངེས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་མ་གཏོགས་པའི་སེམས་ཅད་ཀྱི་ལོངས་སྤྱོད་ཀྱི་འབྲས་བུ་ཅན་ནོ་ཞེས་ཟེར་རོ། །སྔོན་གྱི་སློབ་དཔོན་རྣམས་ཀྱིས། ཚངས་པའི་མདུན་ན་འདོན་གྱི་ཚེ་དང་མཉམ་པ་སྟེ་བསྐལ་པ་བཞི་བཅུ་མཐོ་རིས་དགའ་བར་གནས་པ་འགྱུར་བ་དེའོ་ཞེས་པ་དང་། གཞན་ཡང་སྡེ་པ་གཞན་གྱི་ལུང་ལས། བསོད་ནམས་གང་གིས་བསྐལ་བ་གཅིག་ཏུ་མཐོ་རིས་སུ་འགྲོ་བར་གྱུར་པ་སྟེ། ཡང་དང་ཡང་དུ་རྒྱུན་མི་ཆད་པར་རྣམ་པར་སྨིན་པར་འཇུག་པར་འགྱུར་བའི་བསོད་ནམས་ལ་ཚངས་པའི་བསོད་ནམས་ཡིན་པར་གསུངས་པས་སོ། །གང་ལྟར་ཡང་ཚངས་པའམ། ཚངས་པར་སྐྱེ་བའི་བསོད་ནམས་དང་འདྲ་བའི་ཕྱིར་ཚངས་པའི་བསོད་ནམས་ཏེ། འདོད་པའི་མཐོ་རིས་སུ་ཚེ་འཐུད་ཅིང་བར་བསྐལ་བཞི་བཅུར་བདེ་བ་མྱོང་བ་ཡོན་ནོ་ཞེས་མཆིམས་འཇམ་པའི་དབྱངས་ཀྱིས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཚངས་པའི་བསོད་ནམས་སྐྱེད་པ་

|; |@@@ | | }}