58134

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:02, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚངས་སྤྱོད་ཉེར་གནས་ལེན་ཡུལ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། འོན་ཀྱང་ད་ལྟའི་ཆོ་ག་ཡིས། །བུད་མེད་བསྙེན་པར་རྫོགས་པ་ལ། །ཚངས་སྤྱོད་ཉེར་གནས་མ་སོང་བར། །བསྙེན་པར་རྫོགས་པར་མི་འགྱུར་ཞིང། །ཚངས་སྤྱོད་ཉེར་གནས་མ་ཚོགས་ནི། །ཁོ་ནས་སྟེར་བར་གཞུང་ལས་གསུངས། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་ཁ་སྐོང་ལེགས་བཤད་འོད་ཀྱི་སྣང་བ་ལས་སོ། ། མདོ་རྩ་ལས། ཚངས་པར་སྤྱོད་པ་ལ་ཉེར་བར་གནས་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་འགྱུར་རོ། །གསང་སྟེ་སྟོན་པའི་འོག་ཏུ་དགེ་འདུན་གྱིས་དེ་སྦྱིན་པར་བྱའོ། །ཞེས་དང་། དེའི་རྒྱ་ཆེར་འགྲེལ་ལས། སྐབས་ཡིན་པའི་ཕྱིར་དགེ་སློང་མའི་དགེ་འདུན་གྱིས་ཞེས་སྨོས་སོ། །ཞེས་གསུངས་པས། བུད་མེད་བསྙེན་པར་རྫོགས་པ་ལ་ཚངས་སྤྱོད་ལ་ཉེར་གནས་སྔོན་དུ་འགྲོ་དགོས་པ་དང་། དེ་ཡང་དགེ་སློང་མའི་ཚོགས་ཁོ་ནས་སྟེར་དགོས་པར་བསྟན་པའི་ཕྱིར། ཚུལ་འདི་ལ་སྤྱིར་བཏང་དམིགས་བསལ་ཡང་མ་གསུངས་ཤིང་སྔོན་དུ་འགྲོ་མི་དགོས་པའི་སྒྲུབ་བྱེད་གཞན་ཡང་མེད་པས་ན། དགེ་སློང་མའི་སྡེ་མེད་པའི་ཡུལ་ཕྱོགས་སུ་བུད་མེད་བསྙེན་རྫོགས་ཀྱི་ཆོ་ག་བྱེད་པ་ནི་བསྟན་པ་དཀྲུག་པར་ཟད་དོ་ཞེས་པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་སྡོམ་གསུམ་ཁ་སྐོང་གི་རྣམ་བཤད་རྒྱན་གྱི་མེ་ཏོག་ལས་སོ། །
Domain ཆོས་ལུགས།

{{#arraymap:ཚངས་སྤྱོད་ཉེར་གནས་ལེན་ཡུལ་

|; |@@@ | | }}