58212

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:02, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚད་མ་རྣམ་འགྲེལ་ཉན་པ་པོའི་སྣོད་ཀྱི་སྐྱོན་ (1)
Part of speech མིང་ཚིག
Definition བྱང་གྲོལ་གྱི་ལམ་ཕྱིན་ཅི་མ་ལོག་པར་སྟོན་པའི་ལེགས་བཤད་རྣམས་ཅུང་ཟད་ཀྱང་དོན་དུ་མི་གཉེར་བ་དང་། རང་ཕྱོགས་ཀྱི་འཇིག་རྟེན་གྱི་བྱ་བ་ཕལ་པ་ལ་ཆགས་པས་བསྟན་བཅོས་ལ་མི་ཞུགས་པ། ཞུགས་ཀྱང་ལོག་པའི་བསྟན་བཅོས་དང་ཐ་སྙད་ཀྱི་གཙུག་ལག་སྟོན་པའི་ཕལ་པ་ལ་ཆགས་པ། བསྟན་བཅོས་ཁྱད་པར་ཅན་རྣམས་ལ་ཕྲག་དོག་གི་དྲི་མ་དག་གིས་རྒྱུད་དཀྲུགས་ནས་ཞེ་སྡང་བ། ཆགས་སྡང་གིས་རྒྱུད་མ་དཀྲུགས་ཀྱང་ལེགས་བཤད་དང་ཉེས་བཤད་འབྱེད་པའི་ཤེས་རབ་ཀྱི་རྩལ་མེད་པ་དག་ནི་དེའི་སྐྱོན་ཡིན་ཏེ། རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། སྐྱེ་བོ་ཕལ་ཆེར་བྱང་གྲོལ་གྱི་ལམ་ཕྱིན་ཅི་མ་ལོག་པར་སྟོན་པའི་ལེགས་བཤད་རྣམས་ཅུང་ཟད་ཀྱང་དོན་དུ་མི་གཉེར་ཞིང་། རྒྱུ་དེ་ཁོ་ནར་མ་ཟད་རང་ཕྱོགས་འཇིག་རྟེན་གྱི་བྱ་བ་ཕལ་པ་ལ་ཆགས་ཤིང། བསྟན་བཅོས་ལ་ཞུགས་སུ་ཆུག་ཀྱང་ལོག་པའི་བསྟན་བཅོས་དང་ཐ་སྙད་ཀྱི་གཙུག་ལག་ཙམ་སྟོན་པའི་ཕལ་བ་ལ་ཆགས་ལ། ཁྱད་པར་ཅན་རྣམས་ལ་གཞན་གྱི་ཕུན་ཚོགས་ལ་ཕྲག་དོག་པའི་དྲི་མ་དག་གིས་རྒྱུད་དཀྲུགས་ནས་གཞན་ལ་ཞེ་སྡང་བར་ཡང་ཡོངས་སུ་གྱུར་པ་དེས་ན་སྟེ་དེའི་ཕྱིར་རོ། །ཆགས་སྡང་གིས་རྒྱུད་ལེགས་པར་མ་དཀྲུགས་ཀྱང་ལེགས་བཤད་དང་ཉེས་བཤད་འབྱེད་པའི་ཤེས་རབ་ཀྱི་རྩལ་མེད་པས་ན་མི་འཇུག་གོ ། ཞེས་གསུངས་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:ཚད་མ་རྣམ་འགྲེལ་ཉན་པ་པོའི་སྣོད་ཀྱི་སྐྱོན་

|; |@@@ | | }}