58291

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:02, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚན་དམར་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སྦོམ་ལ་རྒྱས་ཤིང་རྩ་ཕྲན་གྱེས་པའི་ནང་མདོག་དམར་སྐྱ་མིའི་གློ་བའི་ཁ་དོག་དང་མཚུངས་པའི་ཕྱི་པགས་ནག་སྨུག་མཐུག་པ་སྐྱི་ལྤགས་ལྟ་བུས་བཏུམས་པ་དང༌། སྡོང་པོ་ལྗང་ཞིང་ཕྲ་ལ་ཅུང་རིང་བར་ཡལ་ག་མེད་པ་བཅུ་ཕྲག་ཁ་ཤས་མཉམ་དུ་སྐྱེ་ཞིང༌། ལོ་མ་སྔོ་ལྗང་འཇམ་ལ་མཐུག་ཅིང་སྒོར་བར་འོད་མདངས་ལྡན་པ་མཐའ་མཉམ་ཞིང་ངར་པ་ཐུང་བ་རིམ་པས་སྐྱེས་པའི་རྩེར་ཚགས་དམ་པ། སྟོད་དུས་ལོ་སྡོང་ཡོངས་རྫོགས་དམར་པོར་འགྱུར་བ། མེ་ཏོག་དམར་པོ་ཆུང་ཞིང་སིབ་པ་སྡོང་པོའི་རྩེར་བང་རིམ་དུ་འཆར་ཞིང༌། འབྲས་བུ་དམར་པོ་གྱོང་བ་འཁོར་རྩིབས་ཁ་གསུམ་དུ་གས་པ་འདོགས་པ་བཅས། བོད་ཀྱི་ས་ཁུལ་མང་པོའི་རི་མཐོའི་རྫ་གསེབ་ཏུ་སྐྱེ་བ། བོད་ཟླ་བརྒྱད་པའི་ནང་རྩ་བ་བཏུས་ཏེ་རྩ་བའི་ས་དྲེག་སོགས་གཙང་མ་བཀྲུས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་བསྐ་ཞིང་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ཤིང་ལྕི་བས་གློ་ཚད་སེལ་བ་དང༌། དབུགས་མི་བདེ་བ། ཁའི་ནད་དང་ཁ་དྲི་སྦྱོང་བ། ཆམ་ཚད་གློ་བར་བབ་པ་སོགས་ལ་ཕན་པར་མ་ཟད་བཅུད་ལེན་ལ་ཡང་ཕན་པ་ཡིན།

{{#arraymap:ཚན་དམར་

|; |@@@ | | }}