58722

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:03, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚུལ་ཁྲིམས་ཀྱི་ཕུང་པོ་རབ་ཏུ་རྫོགས་པར་འགྱུར་བའི་ཡན་ལག་དྲུག་ (1)
Part of speech མིང་ཚིག
Definition འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། ཚུལ་ཁྲིམས་དང་ལྡན་པར་གནས་པ་ཞེས་ཡན་ལག་དང་པོ། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཞེས་ཡན་ལག་གཉིས་པ། ཆོ་ག་ཕུན་སུམ་ཚོགས་པ་ཞེས་ཡན་ལག་གསུམ་པ། སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཞེས་ཡན་ལག་བཞི་པ། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་ཞེས་ཡན་ལག་ལྔ་པ། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ནས་སློབ་ཅེས་ཡན་ལག་དྲུག་པའོ། །
Domain ཆོས་ལུགས།