58723

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:03, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པས་འཇིགས་པ་ལས་འདའ་བ་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་གྱི་མདོ་ལས་བྱུང་བ་སྟེ། སེམས་ཅན་དམྱལ་བའི་འཇིགས་པ་ལས་ཡང་དག་པར་འདའ་བར་འགྱུར་བ། དུད་འགྲོའི་སྐྱེ་གནས་ཀྱི་འཇིགས་པ་ལས་ཡང་དག་པར་འདའ་བར་འགྱུར་བ། གཤིན་རྗེའི་འཇིག་རྟེན་གྱི་འཇིགས་པ་ལས་ཡང་དག་པར་འདའ་བར་འགྱུར་བ། དབུལ་པོའི་འཇིགས་པ་ལས་ཡང་དག་པར་འདའ་བར་འགྱུར་བ། བསྔགས་པ་དང་། སྙན་པ་དང་། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་མ་ཡིན་པའི་འཇིགས་པ་ལས་ཡང་དག་པར་འདའ་བར་འགྱུར་བ། བདུད་ཀྱིས་ཀུན་ནས་དཀྲིས་པའི་འཇིགས་པ་ལས་ཡང་དག་པར་འདའ་བར་འགྱུར་བ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ངེས་པའི་འཇིགས་པ་ལས་ཡང་དག་པར་འདའ་བར་འགྱུར་བ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུལ་བུམ་དང་། སྲིན་པོའི་འཇིགས་པ་ལས་ཡང་དག་པར་འདའ་བར་འགྱུར་བ། དུག་དང་། མཚོན་དང་། མེ་དང་། ཆུའི་འཇིགས་པ་ལས་ཡང་དག་པར་འདའ་བར་འགྱུར་བ། སེངྒེ་དང་། སྟག་དང་། སྦྲུལ་དང་། དོམ་དང་། དྲེད་དང་། གཟིིག་དང་། ཁྱི་དང་། ཝ་དང་། ཆུ་སྲིན་མ་ཀ་ར་དང་། བྱི་ལ་དང་། བྱི་བ་དང་། སྡིག་པ་དང་། སྲིན་གྱི་མེ་དང་། སྦྲུལ་གདུག་པ་དང་། རྒྱལ་པོ་དང་། ཆོམ་རྐུན་གྱི་འཇིགས་པ་རྣམས་ལས་ཡང་དག་པར་འདའ་བར་འགྱུར་བའོ། །
Domain ཆོས་ལུགས།