58732

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:03, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚུལ་ཁྲིམས་ཀྱི་ལེའུ་ (1)
Part of speech མིང་ཚིག
Definition འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་སྡེ་ཚན། བཀའ་འགྱུར་ཁྲི་བརྒྱད་ག་པར་བཞུགས།
ཚུལ་ཁྲིམས་ཀྱི་ལེའུ་ (2)
Part of speech མིང་ཚིག
Definition མདོ། མངོན་པ། བསྟན་པའི་གནས་ཚད་ཀྱི་ནང་གསེས་སྒྲུབ་པའི་ལེའུ་གསུམ་གྱི་ནང་ཚན་ནམ་ལྔ་བརྒྱ་པ་ཕྲག་བཅུའི་ནང་གསེས་ཤིག་སྟེ། དེ་ཡང་ལྔ་བརྒྱ་པ་ཕྲག་དྲུག་པའི་དུས་སུ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཉམས་སུ་ལེན་པའི་གང་ཟག་མང་དུ་འབྱུང་བའི་དུས་ཡིན་པས་ཚུལ་ཁྲིམས་ཀྱི་བསླབ་པའི་དུས་ཀྱི་ལེའུ་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། དེ་ནས་ལྔ་བརྒྱ་ཕྲག་གསུམ་ལ་སྒྲུབ་པའི་ལེའུ་སྟེ་རིམ་པ་བཞིན་ལྷག་པའི་ཤེས་རབ། ཏིང་ངེ་འཛིན། ཚུལ་ཁྲིམས་ཀྱི་བསླབ་པ་ལ་གནས་པ་མང་དུ་འབྱུང་བས་དེ་དང་དེའི་དུས་ཀྱི་ལེའུ་གསུམ་དང༌། ཞེས་གསུངས། ཕུག་ལུགས་ཀྱི་དབང་དུ་བྱས་ན་ཕྱི་ལོ་ ༡༡༡༩ ནས་ ༡༦༡༩ ལོའི་བར། གནས་བརྟན་པའི་ལུགས་སུ་བྱས་ན་ཕྱི་ལོ་ ༡༤༥༦ ནས་ ༡༩༥༦ ལོའི་བར། གང་ལྟར་ཡུན་ཚད་ལ་མི་ལོ་ལྔ་བརྒྱ་ཡོད། རྩིས་གཞུང་ཉིན་བྱེད་སྣང་བ་ལས། ཚུལ་ཁྲིམས་བསླབ་པ་གཙོ་སྟོན་གསུམ། །ཞེས་བྱུང་།
Domain ཆོས་ལུགས།