58760

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:03, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚུལ་ཁྲིམས་ཕར་ཕྱིན་ (1)
Part of speech མིང་ཚིག
Definition མདོ། ཚུལ་ཁྲིམས་ཀྱི་མཚན་ཉིད། གཞན་གྱི་དོན་དུ་རང་གི་ཁ་ན་མ་ཐོ་བ་སྤང་བའོ། །དེ་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །དབྱེ་ན། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ་མོ། །ཆོས་རྗེ་ས་པཎ་གྱིས་ཐུབ་པ་དགོངས་གསལ་ལས་གསུངས་སོ། ། ཚུལ་ཁྲིམས་ཀྱི་མཚན་ཉིད་ནི། འཁོར་གསུམ་ཡོངས་སུ་དག་པའི་ཉེས་སྤྱོད་སྤོང་བའོ། །ཞེས་དང། སྒྲ་དོན་ནི། བསིལ་བ་ཐོབ་པའི་ཕྱིར་ན་ཚུལ་ཁྲིམས་སོ། །དབྱེ་ན། ཉེས་སྤྱོད་སྡོམ་པ་དང། དགེ་བ་ཆོས་སྡུད་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱིས་རྣམ་བཤད་ཚིག་དོན་རབ་གསལ་ལས་གསུངས་སོ། ། ཚུལ་ཁྲིམས་ཀྱི་སྒྲ་དོན་ནི། འཆལ་ཚུལ་ཀུན་ནས་སློང་བའི་ཉོན་མོངས་པ་དང་དུ་མི་ལེན་པའི་ཕྱིར། བཅས་པ་དང་རང་བཞིན་གྱི་སྡིག་པའི་ལས་མི་འབྱུང་བའི་ཕྱིར་ན། སྡིག་པའི་ལས་སེམས་ལ་གཅགས་པའི་མེ་ཞི་བས་བསིལ་བ་ཐོབ་པར་ཉིད་ཀྱི་ཕྱིར་ཏེ། ཤཱི་ལ་ཅེས་པའི་ཤཱི་ཏ་བསིལ་བ་དང་། ལ་ཏི་ཐོབ་པ་ལ་འཇུག་པའི་དབང་དུ་བྱས་པའོ། །བདེ་བའི་རྒྱུ་ཡིན་པ་ཉིད་ཀྱིས་དམ་པ་དག་གིས་བསྟེན་པར་བྱ་བ་ཉིད་ཡིན་པའི་ཕྱིར་ན་ཡང་ཚུལ་ཁྲིམས་ཏེ། ཀུ་ཤ་དགེ་བ་ལ་འཇུག་པའི་དབང་དུ་བྱས་པའོ། །ཚུལ་ཁྲིམས་ཀྱི་ངོ་བོ་ནི། ལུས་ངག་གི་སྤོང་བ་བདུན་གྱི་མཚན་ཉིད་ཅན་ཏེ། ཀུན་སློང་དང་བཅས་ན་ལས་ལམ་བཅུའོ་ཞེས་ཀུན་མཁྱེན་གོ་རམས་པས་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། །
Domain ཆོས་ལུགས།