58764

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:03, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚུལ་ཁྲིམས་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། འདི་ལྟར་བྱང་ཆུབ་སེམས་མི་ཉམས་པའི་ཚུལ་ཁྲིམས། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཡོངས་སུ་སྤོང་བའི་ཚུལ་ཁྲིམས། སེམས་ཅན་ཐམས་ཅད་ལ་ཕན་པར་དགའ་བས་རྣམ་པར་ལྟ་བའི་ཚུལ་ཁྲིམས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་རབ་ཏུ་དགོད་པའི་ཚུལ་ཁྲིམས། བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ལ་ནན་ཏན་དུ་བྱ་བའི་ཚུལ་ཁྲིམས། ཆོས་ཐམས་ཅད་ལ་མི་དམིགས་པའི་ཚུལ་ཁྲིམས། དགེ་བའི་རྩ་བ་ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཚུལ་ཁྲིམས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལས་ཕྱིར་ཕྱོགས་སུ་མི་ལྟ་བའི་ཚུལ་ཁྲིམས། ཆོས་ཐམས་ཅད་ངེས་པར་རྟོགས་པ་ལ་མངོན་པར་ཞེན་པ་མེད་པའི་ཚུལ་ཁྲིམས། དབང་པོ་སྡོམ་པའི་ཚུལ་ཁྲིམས་སོ། །
Domain ཆོས་ལུགས།