58914
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཚེ་དབང་རྡོ་རྗེ་ཕྲེང་བའི་མེ་མཆོད་སྦྱིན་སྲེག ཅེས་བྱ་བ་སྟེ། གཏེར་གཞུང་ལས། ཚེ་དབང་རྡོ་རྗེ་ཕྲེང་བ་ཡི༔ སྦྱིན་སྲེག་ཆོ་གའི་རིམ་པ་འདི༔ ཡིད་ལ་བསམས་པ་འགྲུབ་བྱའི་ཕྱིར༔ ཤེལ་དཀར་མཚོ་རྒྱལ་མགོན་སྐྱིད་དེ༔ ཇོ་མོ་གསུམ་ལ་གདམས་ནས་ནི༔ སྤེལ་དུས་མ་བབ་གཅེས་སྤྲས་བྱས༔ རྒྱུད་གསུམ་ལུང་པའི་ས་མཚམས་སུ༔ བྲག་དམར་སྲིན་པོ་ལངས་འདྲ་བའི༔ བྲག་ལ་རྒྱ་གསུམ་བཏབ་ནས་སྦས༔ ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་ཕྱི་ལོ་ ༡༤༢༣ རབ་བྱུང་བདུན་པའི་ཆུ་ཕོ་བྱི་བའི་ལོར་ཁྱུང་ཆེན་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། ཚེ་དབང་རྡོ་རྗེ་ཕྲེང་བའི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་བཞིའི་སྦྱིན་སྲེག་གི་ཆོ་གའི་ལག་ལེན་བསྟན། |