58918

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:03, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚེ་ཕྱི་མའི་དབང་ཤེས་ཀྱི་རྒྱུ་ (1)
Part of speech མིང་ཚིག
Definition མདོ། སྐྱེ་མཆེད་འདི་ལས་སྐྱེ་མཆེད་གཞན། །དེ་ཡི་བཟང་ངན་ལས་ཀྱིས་བྱེད། །ཅེས་བྱ་བ་ནི། དབང་པོའི་ཤེས་པ་བསྐྱེད་པ་ལ་ནི་འཆི་ཀའི་སེམས་ཀྱིས་ཉེར་ལེན་གྱི་རྒྱུ་བྱས་དབང་པོས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་ཕྱི་མའི་དབང་ཤེས་སྐྱེ་ལ། དབང་པོས་ཉེར་ལེན་གྱི་རྒྱུ་དང་སེམས་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་ཕྱི་མའི་དབང་པོ་བསྐྱེད་ཅིང་། དེ་གཉིས་ཀ་བཟང་ངན་དུ་བསྐྱེད་པའི་བདག་རྐྱེན་ལས་ཀྱིས་བྱེད་དེ། གལ་ཏེ་དེ་ལས་ཁྱད་པར་ཅན། །ལས་རྣམས་བདག་པོ་ཞེས་གསུངས་པས་སོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། །
Domain ཆོས་ལུགས།