59127

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:04, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚེར་མང་སྦུག་དགོན་ (1)
Part of speech མིང་ཚིག
Definition དགོན་འདི་ལྕི་ཆུ་ས་ཁུལ། གསང་གཞུང་གསང་རྒྱལ་གྱི་མདུན། དགོན་སར་ཁར་གནས་ཡོད། དགོན་མིང་ཚེར་མང་སྦུག་དབེན་གནས་བཀྲ་ཤིས་ལྷ་རྩེ་ཀུན་བཟང་ངེས་དོན་འཕེལ་གླིང་ཞེས་བྱ། འདི་ལ་ལོ་བདུན་བརྒྱ་བདུན་ཅུ་ཡས་མས་ཀྱི་ལོ་རྒྱུས་ལྡན། ཐོག་མར་ཕྱག་འདེབས་པ་པོའི་མཚན་མི་གསལ། དབེན་གནས་སུ་བསྟེན་པའི་དུས་ནི། ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་བོད་ཀྱི་རྒྱལ་པོ་བྱེད་པའི་དུས་སུ་ཡིན་པར་གྲགས། ནང་ཆེན་གསང་གཞུང་ལ་ཆགས་སྐབས། ཇུན་གར་རྒྱལ་པོས་སོག་དམག་བོད་ལ་དྲངས་པའི་སྐབས་རབ་བྱུང་བཞི་པའི་མེ་ཕག་ལོ་ ༡༢༢༧ ལོར་སོག་དམག་ཡོང་བའི་ལམ་བར་དུ། སྒོམ་ཆེན་འདི་པའི་ནུས་མཐུ་ལ་བརྟེན་ནས། སོག་དམག་གིས་རྒྱལ་པོའི་ཕོ་བྲང་མ་མཐོང་བས་འཚེ་བ་གང་ཡང་མ་བྱུང་བས་ན། ནང་ཆེན་རྒྱལ་པོའི་ཞལ་ནས། ད་རེས་མི་ལ་འཚེ་བ་མ་བྱུང་ཞིང་དགེ་བ་དཔག་མེད་བསགས་པས། སྒོམ་ཆེན་འདི་པའི་མིང་དགེ་བ་སྒོམ་པ་རུ་ཐོགས་གསུངས་ནས་སྒོམ་ཆེན་བཞི་ཡི་ཡ་གྱལ་དུ་གྲགས་པར་གྱུར། དེ་དང་ད་ལྟའི་བར་ལོ་བདུན་བརྒྱ་བདུན་ཅུ་གཡས་གཡོན་འདས་པ་དང་། དུས་ཕྱིས་བྱམས་མེ་ལྷ་མཆོག་སྐུ་ཕྲེང་ལྔ་པ་ཆོས་དཔལ་རྒྱ་མཚོའི་དངོས་སློབ། དགེ་བ་དཔལ་སྦྱིན་ཉིད། ཚེར་མང་སྦུབ་གྱི་རི་ཁྲོད་དུ་སྐུ་ཚེ་གང་པོར་བསྙེན་སྒྲུབ་མཛད་པ་དང་རི་ཁྲོད་དེ་གར་སྐུ་གཤེགས། དེའི་སྲས་དགེ་བ་ངག་དབང་རྣམ་རོལ། དེའི་ཡང་སྲིད་འགྱུར་མེད་པདྨ་བདེ་ཆེན་དཀོན་མཆོག་ཆོས་ཀྱི་གྲགས་པའི་བར་བྱོན། འདི་དུས་སུ་རྒྱ་དམར་གྱི་དུས་འགྱུར་འོག་ ༡༩༥༨ ལོར་ཁྱོད་ཀྱི་མི་བརྒྱུད་བཀས་བཀོད་བརྒྱུད་འཛིན་རེད་ཟེར་བ་དང་བླ་མར་བསྙད་འདོགས་ཀྱིས་ལོ་བཅོ་བརྒྱད་རིང་བཙོན་འཇུག་བྱས། ཕྱི་ལོ་ ༡༩༨༥ ལོ་ནས་བཟུང་བསྟན་པ་སླར་ཡང་ཉམས་གསོ་ཞུས། སྔར་གྱི་དགོན་རྙིང་ས་གནས་ནས་ད་ལྟའི་དགོན་སར་ཁར་སྤོ་གཞུག་གནང། གཙུག་ལག་ཁང་དང་། སྒྲུབ་ཁང་། བླ་བྲང་བཅས་ཕྱི་རྟེན་དང་། ནང་རྟེན་སྐུ་གསུང་ཐུགས་ཀྱི་རྟེན་དང་རྒྱལ་བཀས་གཙོས་པའི་གསུང་རབ་ཡི་གེ་མང་དུ་བཞུགས། ཡི་དམ་ལྷ་ཡི་སྒྲུབ་མཆོད་རྣམ་མང་དང་། དེང་སྐབས་གྲྭ་བཙུན་བརྒྱ་དང་སུམ་ཅུ་ལྷག་ཙམ་ཡོད། མ་དགོན་འཁྲུལ་ཞིག་དགོན་ཡིན།