59265

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:04, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚོགས་གསུམ་ (1)
Part of speech མིང་ཚིག
Definition ཚོགས་གསུམ་གཞག་ཏུ་ཡོད་དེ། མིང་སྐད་ཅིག་སྔ་ཕྱི་དུ་མ་ཚོགས་པའི་ཚོགས་པ་མིང་གི་ཚོགས། ཚིག་སྐད་ཅིག་སྔ་ཕྱི་དུ་མ་ཚོགས་པའི་ཚོགས་པ་ཚིག་གི་ཚོགས། ཡི་གེ་སྐད་ཅིག་སྔ་ཕྱི་དུ་མ་ཚོགས་པའི་ཚོགས་པ་ཡི་གེའི་ཚོགས་ཡིན་པའི་ཕྱིར། ཚོགས་གསུམ་གྱི་ཁྱད་ཆོས་ཡོད་དེ། ཁམས་འོག་མ་གཉིས་གང་རུང་དུ་གཏོགས་པ། རྒྱུད་ཀྱིས་བསྡུས་པ། བྱུང་གསུམ་གྱི་ནང་ནས་རྒྱུ་མཐུན་ཁོ་ན་ལས་བྱུང་བ། མ་སྒྲིབ་ལུང་མ་བསྟན་ཁོ་ན་ཡིན་པའི་ཁྱད་པར་རྣམས་དང་ལྡན་པའི་ཕྱིར། མི་ལྡན་པའི་འདུ་བྱེད་དང་པོ་བཅུ་གཅིག་པོ་དེ་དག་ལ་ཡང་ཆོས་བཞི་རྩིར་ཡོད་དེ། མིག་སོགས་གསུམ་སྐལ་མཉམ་དང་བཞི་ནི་སེམས་ཅན་དུ་སྟོན་པ་དང་མ་སྒྲིབ་ལུང་མ་བསྟན་ཡིན་པ་སྔ་མ་དང་འདྲ། བྱུང་བ་གསུམ་གྱི་ནང་ནས་རྒྱུ་མཐུན་ལས་བྱུང་བ་དང་རྣམ་སྨིན་ལས་བྱུང་བ་གཉིས་ཀ་ཡིན་པ། ཁམས་གསུམ་ཅར་དུ་གཏོགས་པ་ཡོད་པ། ཐོབ་པ་རྣམ་སྨིན་ལས་བྱུང་བ་དང་། གཞན་རྣམས་ནི་རྒྱུ་མཐུན་དང་དེ་གཉིས་ཀར་ལས་བྱུང་བ། མཚན་ཉིད་རྣམས་ཀྱང་རྣམ་སྨིན་གྱི་མཚན་ཉིད་རྣམ་སྨིན་ལས་བྱུང་བ་དང་། གཞན་རྣམས་རྒྱུ་མཐུན་ལས་བྱུང་བ་སྟེ་གཉིས་ཡོད། སྙོམས་འཇུག་གཉིས་དང་མི་ལྡན་པ་སྟེ་དེ་གཉིས་ཀྱི་མ་ཐོབ་པ་ནི་རྒྱུ་མཐུན་ལས་བྱུང་བ་སོགས་ཡིན་པའི་ཕྱིར། །
Domain སྒྲ་རིག་པ།
ཚོགས་གསུམ་ (2)
Part of speech མིང་ཚིག
Definition མངོན་པ། སེམས་ཅན་གྱི་འཇིག་རྟེན་འདི་ལྟར་སྐྱེ་བ་དང་གནས་པ་དང་། འཆི་འཕོ་བ་ན་བཅོམ་ལྡན་འདས་ཀྱིས་ཚོགས་གསུམ་དུ་བཞག་སྟེ། ཡང་དག་པ་ཉིད་དུ་ངེས་པའི་ཚོགས་དང་ལོག་པ་ཉིད་དུ་ངེས་པའི་ཚོགས་དང་། མ་ངེས་པའི་ཚོགས་སོ། །
Domain ཆོས་ལུགས།
ཚོགས་གསུམ་ (3)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དཔལ་དུས་འཁོར་དང་སེམས་འགྲེལ་རྣམས་ཀྱི་ཐུན་མོང་མ་ཡིན་པ་ཁྱད་པར་གྱི་བཞེད་པས་ཚོགས་གསུམ་ཀྱང་གསུངས་ཏེ། བསོད་ནམས་ཀྱི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་སོ། །ཞེས་བྱུང་།