59289

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:04, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚོགས་བདག་ (1)
Part of speech མིང་ཚིག
Definition སེང་གེའི་མིང་སྟེ། རི་དྭགས་དང་གཅན་གཟན་རྣམས་ཀྱི་བདག་པོའམ་དབང་པོ་ཡིན་པས་སོ། །
Type མངོན་བརྗོད།
ཚོགས་བདག་ (2)
Part of speech མིང་ཚིག
Definition ལྷ་དབང་ཕྱུག་ཆེན་པོའི་བུ་ཆེ་བ་སྟེ། འདིའི་མགོ་གླང་པོའི་གདོང་དང་འདྲ་བ། དྲག་པོའིི་ཉམས་དང་ལྡན་པ། ཟླ་བའི་ཅོད་པན་འཆང་བ། དགྲ་སྟ་ཐོགས་པ་ཞིག་ཡིན།
Domain ཆོས་ལུགས།
Synonyms ཁམས་གསུམ་པ། དགའ་སྤེལ། བགེགས་ཀྱི་རྒྱལ་པོ། དགྲ་སྟ་ཐོགས་པ། མཆེ་བ་གཅིག་པ། ལྟོ་བ་འཕྱང་། དུས་ཀྱིས་རྒན། རྡོ་རྗེ་མཆུ་ཅན། དྲག་ཤུལ་ཅན། བྲག་གཞུ་ཅན། ཞི་བ་སྐྱེས། ཟླ་བའི་ཅོད་པན། ལོག་འདྲེན། སྲིད་སྲུང་། གསང་བའི་རྒྱལ་པོ། ཧེ་ཧོ་རམྦཿ ། ཚོགས་མཆོག་རྗེ། ག་ཎཱ་ངྷི་པཿ། གླང་པོའི་གདོང་། གླང་སྣ། གླང་པོ་ཅན། མ་གཉིས་པ། ལུས་གཉིས་པ། བགེགས་ཀྱི་བྱེད་པོ། དགྲ་སྟ་ཅན། དགྲ་སྟ་འཛིན། དུས་ཀྱིས་རྒ་བ། རྡོ་རྗེའི་མཆུ། ཟླ་བའི་ཐོད་ཅན། གསང་བའི་དབང་པོ། གསང་བའི་བདག་པོ།