59477
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དངོས་རྫས་སོགས་དུ་མ་སྤུངས་པའི་ཕུང་པོ་སྟེ། |
Example | ས་ཡི་ཚོམ་བུ། རྩྭ་ལོའི་ཚོམ་བུ། མེ་ཏོག་གི་ཚོམ་བུ་ལྟ་བུ། |
{{#arraymap:ཚོམ་བུ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྔགས། མ་ཧཱ་ཡོ་ག ཚོམ་བུ་ནི་སྒོ་དང་རྟ་བབས་ལ་སོགས་པ་གཞལ་མེད་ཁང་གི་རྣམ་པར་མེད་པའི་ལྷ་གཙོ་འཁོར་དང་། ཡང་། ལྷ་རྣམས་སྐོར་ཚོམས་སུ་བཞུགས་པ་ལ་ཚོམ་བུ་ཞེས་གསུངས་ཏེ། ཕྱོགས་བཅུའི་མུན་སེལ་ལས། སྤྱིར་ཚོམ་བུ་ནི་སྒོ་དང་རྟ་བབས་ལ་སོགས་པ་གཞལ་མེད་ཁང་གི་རྣམ་པར་མེད་པའི་ལྷ་གཙོ་འཁོར་ཡིན་ལ། དཀྱིལ་འཁོར་ནི་གཞལ་མེད་ཁང་དང་བཅས་པར་འདོད་ཀྱང་། འདིར་ལྷ་དེ་དག་སྐོར་ཚོམས་སུ་འདུག་པའི་ཆ་ནས་བཏགས་པ་ཡིན་ནོ། །ཞེས་དང་། ཡིད་ཀྱི་མུན་སེལ་ལས། ཁ་ཅིག་ཕོ་བྲང་གཙོ་བོའི་ཆ་ནས་ཚོམ་བུ། རྣམ་གྲངས་བྱུང་རྫོགས་ཀྱི་ཆ་ནས་དཀྱིལ་འཁོར། ཡང་ན་མི་རེས་ལྷ་རེ་བསྒོམ་པ་ཚོམ་བུ། ལྷ་དུ་མ་མི་གཅིག་གིས་བསྒོམ་པ་དཀྱིལ་འཁོར་ཟེར་ཏེ། ཧ་ཅང་མ་འབྲེལ་ལོ། །འདིར་བསྒོམ་པའི་ཚེ་སྒོ་རྟ་བབས་ལ་སོགས་པ་གཞལ་ཡས་ཁང་བསྒོམ་པའི་ཆ་ནས་དཀྱིལ་འཁོར། དེ་མི་བསྒོམ་པར་ལྷ་རྣམས་གྲངས་ཚང་དུ་བསྒོམ་པས་ཚོམ་བུའོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:ཚོམ་བུ་
|; |@@@ | | }}