59493

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:05, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཚོར་བ་དྲན་པ་ཉེར་གཞག་ (1)
Part of speech མིང་ཚིག
Definition མདོ། དྲན་པ་ཉེ་བར་བཞག་པ་བཞིའི་ཡ་གྱལ་ཞིག ནང་དང་ཕྱི་དང་ཕྱི་ནང་གི་ལུས་ལ་དམིགས་ནས་བྱུང་བའི་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ཆར་ཡང་རང་གི་མཚན་ཉིད་ནི་སྡུག་བསྔལ་བའི་མཚན་ཉིད་དེ། ཚོར་བ་སྡུག་བསྔལ་ལ་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་ཁྱབ། ཚོར་བ་བདེ་བ་ལ་ནི་འགྱུར་བའི་སྡུག་བསྔལ་གྱིས་ཁྱབ། ཚོར་བ་བཏང་སྙོམས་ལ་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱབ་ཅིང་སྤྱིའི་མཚན་ཉིད་ཚོར་བ་གསུམ་ལ་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་པའི་རང་བཞིན་དུ་ལྟ་ཞིང་རྩེ་གཅིག་ཏུ་འཇོག་པའོ། །
Domain ཆོས་ལུགས།