59970
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཝག་པ་དེའུ་སྒང་དགོན་དགའ་ལྡན་ཕུན་ཚོགས་གླིང༌། མདོ་སྨད་ཐེ་བོ་སྟེང་ཁ་ཡུལ་ཚོའི་ཁོངས་སུ་ཡོད། ཆོས་བརྒྱུད་དགེ་ལུགས། དུས་རབས་བཅོ་བརྒྱད་པའི་ནང་ལུང་བཟང་ནང་བ་སྐུ་ཕྲེང་དང་པོའི་སློབ་མ་སྒོམ་པ་སྐུ་སྐྱེ་བློ་བཟང་དར་རྒྱས་ཀྱིས་ཕྱག་བཏབ། སྐྱབས་མགོན་ཀིརྟི་སྐུ་ཕྲེང་བརྒྱད་པ་རྗེ་བློ་བཟང་འཕྲིན་ལས་ཚང་གི་རིང་ནས་ཀིརྟིའི་ལེ་ལག་ཏུ་གྱུར། གསང་བ་འདུས་པའི་བདག་འཇུག་དང་དགུ་གཏོར་སོགས་ཀྱི་སྒྲུབ་མཆོད་ཡོད། ཕྱི་ལོ་ ༡༩༥༠ གོང་གྲྭ་གྲངས་ ༡༥༠ ཙམ་བཞུགས། མཚན་གཞན། ཝག་པའི་དེའུ་སྒང་དགོན་བཀྲ་ཤིས་ཆོས་གླིང༌། པགས་པའི་ཏེའུ་སྒང་དགོན། པགས་པའི་སྟེང་སྒང་དགོན། |