60015

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཝཾ་ལུང་རྒྱལ་དབང་བདེ་ཆེན་རྡོ་རྗེ་ (1)
Part of speech མིང་ཚིག
Definition སྐུ་ཡུལ་དང་འཁྲུངས་འདས་ཀྱི་ལོ་ཚིག་གསལ་པོ་མ་རྙེད་ཀྱང་། མདོ་ཁམས་ནང་ཆེན་ཁུལ་དུ་ཆགས་པའི་ཝཾ་ལུང་དགོན་ནམ་ཝཾ་ལུང་མདོ་སྔགས་ཆོས་འཁོར་གླིང་དགོན་གྱི་སྤྲུལ་སྐུ་ཞིག་ཡིན། ཝཾ་ལུང་དགོན་ནི། ཆུ་བྱི་ ༡༦༡༢ ལོར་ཆག་བཏབ་པར་གསལ། སྤྱིར་བླ་མ་འདི་ནི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་ཞིང་ཐུགས་དམ་གྱི་མཐིལ་ཉམས་ལེན་གཙོ་བོ་མཛད་མཁན་ཞིག་ཡིན་པར་གྲགས། དེ་ཡང་རྗེ་དེ་ཉིད་ཝཾ་རིའི་སྐྱེད་ཚལ་དུ་བསྙེན་སྒྲུབ་ལ་བཞུགས་སྐབས་གྲུབ་རྟགས་སུ། སྒྲུབ་ཁང་གི་སྟེང་དུ་ཆུ་མིག་རང་རྡོལ་དུ་བྱུང་བ་སོགས་ངོ་མཚར་གྱི་ལྟས་དུ་མ་བྱུང་བ་དང་། ཕྱི་ནང་གནས་ཀྱི་མཚན་ཉིད་མཐའ་དག་ཚང་བར་གཟིགས་ཏེ། དགོན་གནས་ཐོག་མར་ཕྱག་བཏབ་པ་ནས་ད་བར་ལོ་ངོ་སུམ་བརྒྱ་དགུ་བཅུ་རྩ་གྲངས་ཀྱི་ལོ་རྒྱུས་ལྡན། རྒྱལ་དབང་བདེ་ཆེན་རྡོ་རྗེ་གཤེགས་པའི་རྗེས་ཙམ་ནས། གདན་སར་དགེ་བཤེས་བླ་མ་བེ་ཧོར་བསྟན་པ་རྣམ་རྒྱལ་སོགས་བྱོན་ནས་ཚེས་བཅུ་ཉེར་ལྔ་ལྷ་བབས་དུས་ཆེན་རྣམས་སོ་སོར་དཀར་མེ་མཆོད་འབུལ་སོགས་སྒྲུབ་མཆོད་རྒྱུན་མ་ཆད་པར་མཛད་འདུག། །

{{#arraymap:ཝཾ་ལུང་རྒྱལ་དབང་བདེ་ཆེན་རྡོ་རྗེ་

|; |@@@ | | }}