60040

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞ་ལུ་དགོན་པ་ (1)
Part of speech མིང་ཚིག
Definition བོད་ཀྱི་གཞིས་རྩེའི་ས་ཆར་ཡོད་པའི་དགོན་པ་ཞིག་སྟེ། བསྟན་པ་ཕྱི་དར་གྱི་དུས་འགོར་བཏབ་པའི་གྲགས་ཅན་གྱི་དགོན་གནས་རྙིང་ཁུངས་ཤིག་ཡིན། རབ་བྱུང་གོང་གི་ཆུ་ཡོས་ཕྱི་ལོ་ ༡༠༠༣ ལོར་སྐུ་ཞང་གྲགས་པ་རྒྱལ་མཚན་གྱིས་སྦྱིན་བདག་མཛད་ནས་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་སློབ་མ་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་ཞ་ལུ་གསེར་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། མཁན་རབས་གསུམ་ལྕེ་གཡུ་ཐོག་སྒྲ་གསེར་བཟང་གི་ཐོབ་རྒྱལ་བྱེ་མ་གཡུ་ཟུར་ནས་རང་བྱོན་ཐུགས་རྗེ་ཆེན་པོ་གཙང་འགྲམ་བྱེ་མའི་ལྷ་ཁང་དུ་བཞུགས་པ་ཞ་ལུར་སྤྱན་དྲངས། གནས་དེར་ལྕགས་རི་བཏབ་པ་དང་ཆོས་སྡེའི་ནང་དུ་ཁྲོན་པ་བརྐོས། བོད་རབ་བྱུང་ལྔ་པའི་ཤིང་སྟག་ཕྱི་ལོ་ ༡༣༡༤ ལོར་བུ་སྟོན་རིན་ཆེན་གྲུབ་ཀྱིས་ཞ་ལུ་རི་ཕུག་བདེ་ཆེན་ཆོས་ཀྱི་ཕོ་བྲང་གི་གཙུག་ལག་ཁང་ཆེན་པོ་དགེ་འདུན་གྱི་སྡེ་དང་བཅས་པ་གསར་བསྐྲུན་མཛད་ནས་རྟེན་གཙོ་དཔལ་དུས་ཀྱི་འཁོར་ལོ་དང༌། ཐུབ་དབང་བྱམས་པ་སོགས་རིན་པོ་ཆེ་ལས་གྲུབ་པ་དུ་མ་དང༌། གསུང་རྟེན་དུ་བཀའ་བསྟན་འགྱུར། ཐུགས་རྟེན་དུ་བུ་སྟོན་རིན་ཆེན་གྲུབ་ཀྱིས་དགུང་གྲངས་དྲུག་ཅུ་རེ་གསུམ་པ་ཆུ་འབྲུག་ཕྱི་ལོ་ ༡༣༥༢ ལོར་བཞེངས་པའི་སྐུ་འབུམ་བྱམས་པ་མཐོང་གྲོལ་མར་གྲགས་པ་སོགས་དུ་མ་བཞེངས་ཤིང༌། བཤད་གྲྭ་བཙུགས། བུ་སྟོན་གྱི་དངོས་སློབ་སྔགས་འཆང་གཡུ་སྟོན་རྡོ་རྗེ་དཔལ་གྱིས་ཞ་ལུར་མ་ཧེ་མཆོད་པའི་འཆམ་གྱི་སྲོལ་རྒྱུན་བཙུགས། ཞ་ལུར་གནའ་བོའི་རིག་དངོས་མི་ཉུང་བ་ཞིག་ཡོད་པའི་ནང་ཆོས་རྒྱལ་འཕགས་པའི་བཀའ་ཤོག་ཁག་བརྒྱད་ཉར་ཚགས་བྱས་ཡོད།

{{#arraymap:ཞ་ལུ་དགོན་པ་

|; |@@@ | | }}