60067

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞག་ནག་ (1)
Part of speech མིང་ཚིག
Definition ལས་དང་བྱ་བ་ཕལ་ཆེ་བ་བགྱིད་པར་ངན་པའི་ཞག་པོ་སྟེ། དེ་ནི་ཟླ་བ་དག་གི་ཡར་དང་མར་གྱི་བཞི་གཤེད་ཀྱི་ཉི་མ་ཡིན་པས། ཟླ་བ་བྱི་རྟ་གཉིས་ཀྱི་ཞག་ནག་ནི་བྱ་དང་ཡོས་ཀྱི་ཉི་མ། བྱ་ཡོས་གཉིས་ཀྱི་ཞག་ནག་ནི་བྱི་བ་དང་རྟའི་ཉི་མ། གླང་ལུག་གཉིས་ཀྱི་ཞག་ནག་ནི་ཁྱི་དང་འབྲུག་གི་ཉི་མ། ཁྱི་འབྲུག་གཉིས་ཀྱི་ཞག་ནག་ནི་གླང་དང་ལུག་གི་ཉི་མ། སྟག་སྤྲེལ་གཉིས་ཀྱི་ཞག་ནག་ནི་སྦྲུལ་དང་ཕག་གི་ཉི་མ། སྦྲུལ་ཕག་གཉིས་ཀྱི་ཞག་ནག་ནི་སྟག་དང་སྤྲེལ་གྱི་ཉི་མ་བཅས་ཡིན། དེ་མིན་པཎ་ཆེན་སྨོན་འགྲོ་བའི་ལུགས་ལ་བྱི་ལོའི་དཔྱིད་འབྲིང་གི་ཚེས་བདུན་དང་། གླང་ལོའི་དཔྱིད་ཐའི་ཚེས་ལྔ། སྟག་ལོའི་དབྱར་ལོའི་ཚེས་བདུན། ཡོས་ལོའི་དགུན་འབྲིང་གི་ཚེས་བདུན། འབྲུག་ལོའི་དགུན་ཐའི་ཚེས་ཉེར་དྲུག སྦྲུལ་ལོའི་སྟོན་རའི་ཚེས་དགུ། རྟ་ལོའི་སྟོན་འབྲིང་གི་ཚེས་བཅུ་དགུ། ལུག་ལོའི་སྟོན་ཐའི་ཚེས་བདུན། སྤྲེལ་ལོའི་དགུན་རའི་ཚེས་བཅུ་དྲུག བྱ་ལོའི་དཔྱིད་འབྲིང་གི་ཚེས་བཅུ། ཁྱི་ལོའི་དབྱར་ཐའི་ཚེས་ཉེར་གཅིག ཕག་ལོའི་དཔྱིད་རའི་ཚེས་བརྒྱད་བཅས་ཞག་ནག་ཡིན་པར་བཞེད་ཅིང་། འབྲས་བཅོས་ནི་དུས་ནག་སྐབས་དང་མཚུངས་པས་དེར་གཟིགས་ཤིག
Domain རྩིས་རིག

{{#arraymap:ཞག་ནག་

|; |@@@ | | }}