60077

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞག་བདུན་པའི་སྨན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། མཚན་ཉིད་ནི། དངོས་པོ་གང་ཞིག་བཀྲེས་པ་དང་འདུས་པ་གཉིས་ཀའི་ནད་སེལ་བ་ལ་གཙོ་བོར་ཞུགས་པའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། རབ་བྱུང་སྡེ་ལྔ་གང་རུང་གིས་ཞག་བདུན་གྱི་མཐའ་ཚུན་ཆད་དུ་བྱིན་གྱིས་བརླབས་ཏེ་བདུན་གྱི་བར་ལ་དུས་རུང་དང། དུས་མིན་ཐམས་ཅད་དུ་ལོངས་སྤྱད་དུ་རུང་བའི་རིགས་སུ་གནས་པའི་སྨན་དེ་ཞག་བདུན་པའི་སྨན་གྱི་མཚན་ཉིད་ཡིན་ནོ། །དབྱེ་བ་ནི། གཞུང་དུ། ཞུན་མར་དང། འབྲུ་མར་དང། སྦྲང་རྩི་དང། བུ་རམ་གྱི་དབུ་བ་དག་ནི་ཞག་བདུན་པའོ། །ཞེས་པ་ནས། ཞག་བསྐོལ་ཞིང་བཙགས་པ་དག་ནི་འབྲུ་མར་དང་འདྲ་བ་ཉིད་དོ། །ཞེས་པས་བསྟན་ཏོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:ཞག་བདུན་པའི་སྨན་

|; |@@@ | | }}