60120
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྲོང་བཙན་སྒམ་པོའི་སྐབས་སུ་འབྲོ་དང་མཆིམས་དང་སྣ་ནམ་སྟེ། ཞང་བློན་གསུམ་དང་ཞང་པོ་མིན་པའི་བློན་པོ་སྦས་བཅས་མི་བཞིས་མཉམ་དུ་སྲིད་འཛིན་གྱི་ལས་དོན་སྒྲུབ་པ་ལ་ཟེར། ཞང་བློན་ནི་རྒྱལ་པོའི་མ་ཡི་ཕྱོགས་ནས་གཉེན་ཚན་འགྲོ་བའི་བློན་པོ་ལ་ཟེར་ཞིང༌། བློན་པོ་དེ་དག་གི་མིང་འབོད་སྐབས་དངོས་མིང་གི་འགོར་ཞང་ཞེས་བརྗོད་སྲོལ་ཡོད། དེའི་རྒྱུ་མཚན་ནི་ཞང་པོ་ནི་ཨ་མའི་ཕྱོགས་ཀྱི་གཉེན་ཚན་ཡིན་པས་ཨ་ཁུ་དང་མི་འདྲ་བར་ཚ་བོ་ལ་ཤ་ཚ་དང་བརྩེ་དུང་ཆེ་བའི་དབང་གིས་བློན་པོའི་ནང་དུ་ཞང་བློན་མང་ཙམ་ཡོད་ན་བཙན་པོའི་བདེ་འཇགས་ལ་ཕན་པ་ཡོད་པ་རེད། |
Domain | ལོ་རྒྱུས། |
{{#arraymap:ཞང་གསུམ་བློན་བཅས་བཞི་
|; |@@@ | | }}