60121

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞང་གི་ཟབ་རྒྱའི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། ཞང་གི་ཟབ་རྒྱའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་གོ་གསུམ་པ་ཡིན། བརྗོད་བྱ་ནི། བརྡ་རྣ་ཚོགས་ཀྱིས་སེམས་གཅེར་མཐོང་དུ་ངོ་སྤྲོད་པ་དང་། སྐུ་བཞིར་དང་ཕྱག་ཆེན་བརྡའི་ངོ་སྤྲོད་སོགས་ཀྱི་སྒོམ་པའི་རིམ་པ་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། རྡོ་རྗེ་འཆང་ནས་ཁྱད་པར་བརྒྱུད་པའི་སྲོལ། ཡིན་ངེས་རྣམ་བཞི་དྭགས་པོ་སྒོམ་ཚུལ་དང་། དཔལ་ཆེན་རྒ་ལོ་མ་ལ་སྟོན་ཡེར་པ་བ། དངུལ་ཆུ་བཻ་རོ་ཚལ་པ་བརྩོན་འགྲུས་གྲགས། ཤཱཀྱ་ཡེ་ཤེས་སངས་རྒྱས་གཞོན་ནུ་ཆེ། སངས་རྒྱས་སྙིང་པོ་གསེར་སྟེང་སངས་རིན་པ། ཤཱཀྱ་འབུམ་པ་ཤཱཀྱ་བསོད་ནམས་དང། ཆོས་བཟང་གྲགས་སྟོན་བསོད་ནམས་གྲུབ་གྲགས་པ། རྟོགས་ལྡན་ལྷན་བདེ་ངག་དབང་སྤྲུལ་པའི་སྐུ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ཞང་གི་ཟབ་རྒྱ་ནས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:ཞང་གི་ཟབ་རྒྱའི་ཁྲིད་

|; |@@@ | | }}