60125

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞང་ཇོ་འབེར་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་མེ་འབྲུག་ ༡༡༩༦ ལོར་ཞང་ཉི་འབུམ་གྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་ཀྱི་བར་དུ་ཁུ་བོ་ལས་གསང་བ་བླ་ན་མེད་པའི་གདམས་པ་ལུས་མནོས། བཅུ་དགུ་པར་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་ལས་རྒྱུད་གསུམ་གདམས་པ་དང་། བདེ་མཆོག་མལ་གྱོའི་ལུགས་རྣམས་གསན། སློབ་དཔོན་ཆུ་མིག་པ་ལས་ཚད་མ་བསྡུས་པ་བཅས་གསན། ཉེར་གཉིས་པར་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་ལས་གྲུབ་ཐོབ་མི་ཏྲའི་གདམས་པ་རྣམས་དང་། བལ་པོ་གྲགས་པ་འབུམ་མེད་ལ་ཕྱག་རྒྱ་ཆེན་པོ་ཁ་འཐོར་གྱི་གདམས་པ་རྣམས་གསན། སོ་དྲུག་བར་ཐོས་བསམ་གྱི་སྤྲོས་པ་བཅད། གཟིགས་སྣང་རྣམས་ཕལ་ཆེར་མི་ལ་མི་གསུངས། ལྷ་སར་ཕེབས་ཏེ་ཇོ་བོ་ལ་མཆོད་པ་འབུལ་དུས་འོད་ཀྱི་ཐིག་ལེའི་ནང་ནས་ཕྱག་རྡོར་དང་། སྤྱན་རས་གཟིགས། ཚེ་དཔག་མེད་བཅས་ཀྱིས་ཞལ་གཟིགས། འཁྲུལ་ཞིག་སེང་གེ་རྒྱབ་པ་ལ་སོགས་པའི་སྙིང་ཐིག་ཁྲིད་ཀྱིས་ཟིན་པའི་སློབ་མ་མང་དུ་བསྐྱངས། སོ་དྲུག་པ་རབ་བྱུང་བཞི་པའི་ལྕགས་ཡོས་ཕྱི་ལོ་ ༡༢༣༡ ལོར་སྐུ་གཤེགས། སྙིང་ཐིག་གི་སློབ་དཔོན་ཆེན་པོ་ཞིག་ཡིན་ཡིན།

{{#arraymap:ཞང་ཇོ་འབེར་

|; |@@@ | | }}