60127

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞང་ཉི་འབུམ་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་ས་སྟག་ཕྱི་ལོ་ ༡༡༥༨ ལོར་ཞང་བཀྲ་ཤིས་རྡོ་རྗེའི་སྲས་སུ་འཁྲུངས། ཡོངས་གྲགས་བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་གྱུར། ལྷག་ཏུ་ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་ལས་ས་སྐྱའི་ཆོས་སྐོར་དང་། རྔོག་རྡོ་རྗེ་སེང་གེ་ལས་རྔོག་ལུགས་བཅས་ལ་ལེགས་པར་གསན། ཡབ་ཞང་སྟོན་དང་ལོ་ངོ་བཅུ་གཅིག་རིང་དུ་འགྲོགས། སྙིང་ཐིག་གི་གདམས་པ་མ་ལུས་པ་ཞུས། རྟོགས་པ་ཁྱད་པར་ཅན་འཁྲུངས། བླ་མ་ཞང་ལ་ཡང་ཞབས་ཏོག་ལེགས་པར་མཛད། ཚིག་དོན་ཆེན་མོ་ཞེས་བྱ་བའི་བསྟན་བཅོས་ཀྱང་པར་མཛད། སོ་དགུ་པར་རིགས་སྲས་ཇོ་འབེར་འཁྲུངས། ང་དྲུག་པ་རབ་བྱུང་བཞི་པའི་ཆུ་བྱ་ཕྱི་ལོ་ ༡༢༡༣ ལོར་སྐུ་གཤེགས། གསང་སྔགས་རྙིང་ཐིག་མའི་སློབ་དཔོན་ཆེན་པོ་ཞིག་ཡིན།

{{#arraymap:ཞང་ཉི་འབུམ་

|; |@@@ | | }}