60129

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞང་ཏོ་རེ་ལྷས་བྱིན་ (1)
Part of speech མིང་ཚིག
Definition དུས་རབས་བདུན་པའི་སྨད་དུ་འཁྲུངས། རྒྱལ་པོ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོའི་བློན་པོ་ཡིན། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་བློན་པོ་ཡང་མཛད། ལྕགས་ཁྱི་ཕྱི་ལོ་ ༧༡༠ ལོར་ཐང་རྒྱལ་རབས་ཀྱི་ཕོ་བྲང་དུ་གྱིམ་ཤིང་ཀོང་ཇོ་བོད་རྒྱལ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་བཙུན་མོར་བསུས་ནས་བོད་ཡུལ་དུ་ཕེབས། བོད་ཀྱི་བློན་པོ་གཉེ་བོ་རྣམས་ཀྱིས་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་དུ་རྟ་ཐོག་ནས་སྤོ་ལོ་འཕེན་པའི་སྒྱུ་རྩལ་འགྲན་ཟླ་བྲལ་བ་ཞིག་ངོམ། ཚུལ་དེའི་རྣམ་པ་མཚོན་པའི་ཐང་རྒྱལ་རབས་ཀྱི་རི་མོ་འབྲི་མཁས་པ་ཡན་ལི་པན་གྱིས་ཐང་མིང་ཧོང་མཚན་མོར་རྟ་ཐོག་སྤོ་ལོ་འགྲན་པ་ཞེས་པའི་སྐད་གྲགས་ཅན་གྱི་དཔེ་རིས་གསར་པ་བཞེངས།

{{#arraymap:ཞང་ཏོ་རེ་ལྷས་བྱིན་

|; |@@@ | | }}