60130
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་བཅུ་གཅིག་པའི་མཇུག་དུ་འཁྲུངས་པའི་པ་ཚབ་ཉི་མ་གྲགས་པའི་བུ་ཆེན་བཞིའི་ཡ་གྱལ་ཞིག་ཡིན། ཆུང་དུས་ནས་ཡིག་རྩིས་སོགས་ལ་མཁས་པར་སྦྱངས། པ་ཚབ་ཉི་མ་གྲགས་པ་ལས་མདོ་སྔགས་རིག་གནས་ཀུན་ལ་ལེགས་པར་སྦྱངས། ལྷག་ཏུ་དབུ་མའི་གཞུང་ལུགས་ལ་མཁས་པས་བསྟན་བཅོས་མང་དུ་བརྩམས། དུས་ཕྱིས་སུ་ཐང་སག་བཏབ་ནས་དབུ་མའི་འཆད་ཉན་ཀྱི་ཞབས་ལ་གཏུགས། དབུ་མའི་ཁྲིད་རྒྱུན་སྤེལ་བར་མཛད་རྗེས་ཆེ། གསུང་རྩོམ་ནི་དབུ་མ་འཇུག་པའི་ཊཱིཀྐ་དང་། རིགས་པ་དྲུག་ཅུ་པའི་ཊཱིཀྐ རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་ཊཱིཀྐ རིན་ཆེན་ཕྲེང་བའི་ཊཱིཀྐ་བཅས་བཞུགས། |
{{#arraymap:ཞང་ཐང་སག་པ་ཡེ་ཤེས་འབྱུང་གནས་
|; |@@@ | | }}