60174

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞང་འགྲོ་བའི་མགོན་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་ཆུ་ཡོས་ཕྱི་ལོ་ ༡༡༢༣ ལོར་སྐྱིད་ཤོད་ཚ་བ་གྲུ་གདུང་སྣ་ནམ་ཞང་དུ་ཡབ་རྡོ་རྗེ་སེམས་དཔའ་དང་། ཡུམ་ཡག་མོ་མང་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་དར་མ་གྲགས་ཞུ། དགུང་ལོ་དྲུག་པར་ཡབ་ལས་ཡི་གེའི་སྦྱོར་ཀློག་དང་སྐྱབས་འགྲོ་སེམས་བསྐྱེད་སོགས་སྦྱངས། དགུ་ནས་བཅོ་བརྒྱད་བར་མདོ་སྔགས་ཀྱི་ཆོས་མང་དུ་གསན། ལོ་ངོ་གསུམ་དུ་འདྲེའི་མཐུ་བསྒྲུབས། ཁམས་སུ་དགུང་ལོ་ཉེར་དྲུག་པར་མཁན་པོ་རྒྱ་སྟོན་མཁར་མགོ་བ་ལས་བསྙེན་པར་རྫོགས། མཚན་ལ་བརྩོན་འགྲུས་གྲགས་པ་ཞེས་གསོལ། དཔལ་ཆེན་གྭ་ལོ་ལས་ཕྱག་རྒྱ་ཆེན་པོའི་གདམས་ངག་མ་ལུས་ཞུས། དབུས་ལ་ཕེབས་ཏེ་རྗེ་སྒོམ་ཚུལ་ལས་བཀའ་བརྒྱུད་ཀྱི་བྱིན་རླབས་ཞུགས། མཁྱེན་པས་ཆོས་ཐམས་ཅད་ཇི་ལྟ་བར་རྟོགས་ནས་སྒྲོ་འདོགས་བཅད། ཡིན་ངེས་ཀྱི་བླ་མ་བཞི་དང་། ཆོས་ཐོབ་ཀྱི་བླ་མ་སོ་དྲུག་བཅས་ཡོད། རྗེ་སྒོམ་ཚུལ་གྱི་ལུང་བསྟན་ལྟར་གུང་ཐང་གི་གཙུག་ལག་ཁང་དང་། རྟེན་གྱི་ལྷ་ཆེན་བཞེངས། བདེ་མཆོག་གི་ཕོ་བྲང་གཟིགས་སར་ཡང་དགོན་པ་གསར་འདེབས་མཛད། འབུམ་མོ་ཆེ་རྨང་བཏིང་ནས་བང་རིམ་གསུམ་ཚར་བ་བར་དུ་བཞུགས། རྫུ་འཕྲུལ་དང་། སྐུ་ཡི་བཀོད་པ་དང་། འཕྲིན་ལས་ནི་རྒྱ་ཆེ། རབ་བྱུང་གསུམ་པའི་ཆུ་གླང་ཕྱི་ལོ་ ༡༡༩༣ ལོར་སྐུ་གཤེགས། ཚལ་བ་བཀའ་བརྒྱུད་ཀྱི་ལུགས་སྲོལ་ཐོག་མར་བཏོད་མཁན་ཡིན། སློབ་མ་གྲགས་ཆེ་བ་ནི་ནམ་མཁའ་འོད་དང་། ཁ་རག་པ་འདུལ་བ་འོད། ལྷ་ཕྱུག་པ་ཉི་ཟླ་འོད། འབྲི་ར་བ་ཤཱཀྱ་འོད་བཅས་ཡིན།
Synonyms ཞང་དར་མ་གྲགས། དར་མ་གྲགས། བརྩོན་འགྲུས་གྲགས་པ།

{{#arraymap:ཞང་འགྲོ་བའི་མགོན་པོ་

|; |@@@ | | }}