60175
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཚལ་པ་བཀའ་བརྒྱུད་ཀྱི་གྲུབ་མཐའ་ཐོག་མར་གསར་གཏོད་བྱེད་མཁན་གྱི་མིང་། ཁོང་ནི་རབ་བྱུང་གཉིས་པའི་ཆུ་མོ་ཡོས་ལོ་སྟེ་ཕྱི་ལོ་ ༡༡༢༣ ལོར་སྐྱིད་ཤོད་ཚ་བ་གྲུ་གདུང་སྣ་ནམ་ཞང་དུ་ཡབ་རྡོ་རྗེ་སེམས་དཔའ་དང་། ཡུམ་ཡག་མོ་མང་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་བྱིས་པའི་མིང་ལ་དར་མ་གྲགས་ཞུ། དགུང་ལོ་དྲུག་པར་ཡབ་ལས་ཡི་གེའི་སྦྱོར་ཀློག་དང་སྐྱབས་འགྲོ་སེམས་བསྐྱེད་ལེགས་པར་སྦྱངས། དགུང་ལོ་དགུ་ནས་བཅོ་བརྒྱད་བར་དུ་མདོ་སྔགས་ཀྱི་ཆོས་མང་དུ་གསན། ལོ་ངོ་གསུམ་དུ་འདྲེའི་མཐུ་བསྒྲུབས། དེ་ནས་ཁམས་སུ་བྱོན་ཏེ་དགུང་ལོ་ཉེར་དྲུག་པར་མཁན་པོ་རྒྱ་སྟོན་མཁར་མགོ་བ་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ཏེ་མཚན་ལ་བརྩོན་འགྲུས་གྲགས་པ་ཞེས་གསོལ། དཔལ་ཆེན་རྒྭ་ལོ་ལས་ཕྱག་རྒྱ་ཆེན་པོའི་གདམས་ངག་རྫོགས་པར་ཞུས། དེ་ནས་དབུས་ལ་ཕེབས་ཏེ་རྗེ་སྒོམ་ཚུལ་དང་མཇལ་བས་བཀའ་བརྒྱུད་ཀྱི་བྱིན་རླབས་ཞུགས། སེམས་ཀྱི་ངོ་བོ་ཡང་དག་པར་གཟིགས་པར་སྔར་ནས་མཁྱེན་པའི་ཆོས་ཐམས་ཅད་ཇི་ལྟ་བར་རྟོགས་ནས་སྒྲོ་འདོགས་ཐམས་ཅད་ཆོད། ཁོང་ལ་ཡིན་ངེས་ཀྱི་བླ་མ་བཞི་དང་། ཆོས་ཐོབ་ཀྱི་བླ་མ་སོ་དྲུག་བཅས་ཡོད། ཁོང་གིས་དགོས་པ་ཆེན་པོ་ལ་དགོངས་ནས་མ་རུང་པ་ལ་གཡུལ་བཤགས་ཏེ་འཁྲུགས་པ་མང་པོ་མཛད་པ་ལ་སྐྱེ་བོ་ཐ་མལ་བ་དུ་མས་སྐུར་འདེབས་སོགས་སྡིག་བསགས་པས་ཀརྨ་པ་དུས་གསུམ་མཁྱེན་པས་གསོལ་བ་བཏབ་ནས་འཁྲུགས་པ་བསྡུམས་པས་དེའི་ཕྱིན་ཆད་འཁྲུགས་པ་མ་མཛད། རྗེ་སྒོམ་ཚུལ་གྱི་ལུང་བསྟན་ལྟར་གུང་ཐང་གི་གཙུག་ལག་ཁང་དང་། རྟེན་གྱི་ལྷ་ཆེན་བཞེངས། བདེ་མཆོག་གི་ཕོ་བྲང་གཟིགས་སར་ཡང་དགོན་པ་གསར་འདེབས་མཛད། འབུམ་མོ་ཆེ་རྨང་བཏིང་ནས་བང་རིམ་གསུམ་ཚར་བ་ན་སྐུ་གཤེགས། རྫུ་འཕྲུལ་དང་། སྐུ་ཡི་བཀོད་པ་དང་། འཕྲིན་ལས་ནི་མཐའ་ཡས་སོ། །ཁོང་ནི་ཚལ་བ་བཀའ་བརྒྱུད་ཀྱི་ལུགས་སྲོལ་ཐོག་མར་བཏོད་མཁན་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ནམ་མཁའ་འོད་དང་། ཁ་རག་པ་འདུལ་བ་འོད། ལྷ་ཕྱུག་པ་ཉི་ཟླ་འོད། འབྲི་ར་བ་ཤཱཀྱ་འོད་བཅས་ཡིན། །རབ་བྱུང་གསུམ་པའི་ཆུ་མོ་གླང་ལོ་སྟེ་ཕྱི་ལོ་ ༡༡༩༣ ལོར་སྐུ་གཤེགས། |
{{#arraymap:ཞང་འགྲོ་བའི་མགོན་པོ་གཡུ་བྲག་པ་བརྩོན་འགྲུས་གྲགས་པ་
|; |@@@ | | }}