60188

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞང་ཤེས་རབ་བླ་མ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཅིག་པའི་དཀྱིལ་དུ་འཁྲུངས། བོད་ཡུལ་ནས་ཐོག་མར་ཐོས་དོན་བཙལ། ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་པཎ་གྲུབ་མང་པོ་བསྟེན། རྒྱ་གཞུང་དང་ལེགས་སྦྱར་སྐད་ཡིག་ལ་བྱང་ཆུབ་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་དང་། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གཏོར་མའི་ཆོ་ག འཇིགས་བྱེད་ཀྱི་ཞི་བའི་བྱ་བ་བདུན་པ། དྲག་པོའི་བྱ་བ་བདུན་པ། འཁོར་ལོ་བྲི་བའི་ཆོ་ག ལས་ཀྱི་གྲོགས་ཀྱི་བྱ་བ། དམ་རྫས་རྨད་དུ་བསྒྱུར་ཏེ་བརྟེན་པའི་ཆོ་ག དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྟོད་པ་གཅིག དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྟོད་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མན་ངག་གི་འགྲེལ་བ། མཆོད་རྟེན་གྱི་ཆོ་ག་རྒྱས་པ། མཆོད་རྟེན་ཆོ་ག་བསྡུས་པ། སྲུང་འཁོར། རིམ་པ་བཞིའི་བྱེ་བྲག་བསྟན་པའི་མན་ངག རོ་སྲེག་གི་ཆོ་ག འཕྲུལ་འཁོར་གྱི་ཆོ་ག ཚིགས་སུ་བཅད་པ་བཅུ་པ། ཞི་བའི་སྦྱིན་སྲེག རྒྱས་པའི་སྦྱིན་སྲེག དྲག་པོ་སྦྱིན་སྲེག སྤྱོད་པ་བསྡུས་པ། ལས་ཀྱི་རིམ་པའི་མན་ངག རྣམ་པར་འཕེལ་བའི་མན་ངག་བཅས་བཞུགས།

{{#arraymap:ཞང་ཤེས་རབ་བླ་མ་

|; |@@@ | | }}