60190

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞང་སྟོན་ (1)
Part of speech མིང་ཚིག
Definition གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པ་སྟེ། རབ་བྱུང་གཉིས་པའི་ཆུ་སྟག་ཕྱི་ལོ་ ༡༡༢༢ ལོར་ཡབ་སྔགས་འཆང་རྡོ་རྗེ་སེམས་དཔའ་དང་། ཡུམ་མང་སྐྱིད་གཉིས་ཀྱི་སྲས་སུ་ཡུལ་ངམ་ཤོད་ཚ་བ་གྲུར་སྐུ་འཁྲུངས། དགུང་ལོ་བདུན་ནས་ཡུམ་དང་གཅེན་པོའི་དྲུང་དུ་ཡི་གེ་འབྲི་ཀློག་སྦྱངས། དེ་ནས་དགུང་ལོ་ཉི་ཤུ་རྩ་བཞི་བར་སློབ་དཔོན་མང་པོ་བསྟེན་ནས་ཕར་ཕྱིན་དང་། མངོན་པ། ཚད་མ། གསང་སྔགས་བཅས་ཀྱི་ཆོས་ལ་སློབ་གཉེར་མཛད། དགུང་ལོ་ཉི་ཤུ་རྩ་དྲུག་པ་ལ་སློབ་དཔོན་གྲབ་མཁར་བ་སོགས་ཀྱི་དྲུང་དུ་བསྙེན་རྫོགས་བཞེས། མཚན་བརྩོན་འགྲུས་གྲགས་པར་གསོལ། དེ་ནས་སྒ་ལོ་ཙྭ་བ་སོགས་བླ་མ་མང་པོ་བསྟེན་ནས་གསང་སྔགས་ཀྱི་ཆོས་གསན། དགུང་ལོ་སོ་གསུམ་པར་དྭགས་སྒོམ་ཚུལ་ཁྲིམས་སྙིང་པོ་དང་མཇལ་ནས་དྭགས་པོ་བཀའ་བརྒྱུད་ཀྱི་ཆོས་གསན། དེ་ནས་ལོ་མང་པོར་རི་ཁྲོད་ངེས་མེད་དུ་སྒོམ་སྒྲུབ་མཛད། རབ་བྱུང་གསུམ་པའི་ཤིང་ལུག་ཕྱི་ལོ་ ༡༡༧༥ ལོར་གུང་ཐང་ཚལ་ཡང་དགོན་བཏབ་པ་དང་། མེ་ལུག་ཕྱི་ལོ་ ༡༡༨༧ ལོར་གུང་ཐང་དགོན་བཏབ་ནས་ལྷ་ཆེན་དཔལ་འབར་བཞེངས། དེ་ནས་དར་སྤེལ་བྱུང་བའི་ཆོས་ལུགས་ལ་ཚ་བ་བཀའ་བརྒྱུད་ཟེར། རབ་བྱུང་གསུམ་པའི་ཆུ་གླང་ཕྱི་ལོ་ ༡༡༩༣ ལོར་སྐུ་གཤེགས། གསུང་རྩོམ་གང་ཡོད་ཕྱོགས་བསྒྲིགས་བྱས་པོད་ལྔ་བཞུགས།

{{#arraymap:ཞང་སྟོན་

|; |@@@ | | }}