60223

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞབས་དཀར་པ་ཚོགས་དྲུག་རང་གྲོལ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ལྕགས་གླང་ཕྱི་ལོ་ ༡༧༨༡ ལོར་མདོ་སྨད་རེབ་གོང་དུ་ཡབ་སྔགས་འཆང་རྡོ་རྗེ་རྣམ་རྒྱལ་དང་། ཡུམ་བཀྲ་ཤིས་བརྩེགས་པ་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་ངག་དབང་བཀྲ་ཤིས་ཞུ། དགུང་ལོ་བརྒྱད་པར་ཨ་མྱེ་ངག་དབང་ལས་ཡི་གེའི་འབྲི་ཀློག་སྦྱངས། བཅུ་པར་ཞོ་འོང་སྔགས་མང་ཆོས་ཐོག་གི་གྲལ་དུ་ཞུགས། བཅུ་བདུན་པར་གླིང་རྒྱའི་ལྷ་བཟོ་བསྟན་པ་དར་རྒྱས་ལས་ལྷ་བྲིས་བསླབས། འཇམ་དབྱངས་རྒྱ་མཚོ་དང་ཨོ་རྒྱན་འཕྲིན་ལས་གཉིས་ལས་མདོ་སྔགས་ཀྱི་གདམས་པ་གསན། ཉེར་གཅིག་པར་ཨ་རིག་དགེ་བཤེས་བྱམས་དགེ་ལེགས་རྒྱལ་མཚན་ལས་རབ་བྱུང་དགེ་ཚུལ་དང་། དགེ་སློང་བཅས་དཀྱུས་གཅིག་ཏུ་མནོས། མཚན་ལ་བྱམས་པ་ཆོས་དར་ཞེས་གསོལ། རྩེ་གཞུང་དུ་ཆིན་ཝང་ངག་དབང་དར་རྒྱས་ལས་མདོ་སྔགས་གཉིས་ལ་ཐོས་བརྩོན་ལེགས་པར་གནང་། ཉེར་དྲུག་པ་ནས་གནས་ངེས་མེད་དུ་སྒྲུབ་པ་ཉམས་ལེན་མཛད། མདོ་སྨད་ཀྱི་དབེན་གནས་སྟག་མོ་རྫོང་སོགས་སུ་སྒོམ་སྒྲུབ་ཉམས་ལེན་གནང་། དབུས་གཙང་ཆོས་ཀྱི་ཞིང་ཁམས་སུ་ཕེབས་ནས་ཙཱ་རི་དང་། གངས་དཀར་ཏེ་སི། ལ་ཕྱི་སྟག་གདོང་ཁྲ་མོ་བཅས་ལ་སྒྲུབ་པ་ཉམས་ལེན་མཛད། སོ་བདུན་པར་བལ་ཡུལ་དུ་ཕེབས། མཆོད་རྟེན་རྣམ་གཉིས་མཇལ་ཞིང་ཞིག་གསོས་གནང། རབ་བྱུང་བཅུ་བཞི་པའི་ལྕགས་ཕག་ཕྱི་ལོ་ ༡༨༥༡ ལོར་རང་ཡུལ་དུ་སྐུ་གཤེགས། སློབ་མ་གྲགས་ཆེན་ནི་པདྨ་རང་གྲོལ་དང་། སྐལ་ལྡན་རང་གྲོལ། སངས་རྒྱས་རིན་ཆེན། ལྕང་ལུང་སྤྲུལ་སྐུ་སོགས་ཡིན། གསུང་རྩོམ་ནི་རྣམ་མགུར་སོགས་པོད་ཉེར་ལྔ་ཡོད་པར་གྲགས།

{{#arraymap:ཞབས་དཀར་པ་ཚོགས་དྲུག་རང་གྲོལ་

|; |@@@ | | }}