60228
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འབྲུག་ཞབས་དྲུང་གསུང་སྤྲུལ་དང་པོ་ཕྱོགས་ལས་རྣམ་རྒྱལ་མཆོག་ནི། གདུང་སྲས་སྐུ་ཕྲེང་གཉིས་པ་ཀུན་དགའ་རྒྱལ་མཚན་གྱི་སྐབས་ཙམ་ལ། སྐྱབས་མགོན་ཞབས་དྲུང་གི་སྐུ་གདུང་རིན་པོ་ཆེའི་མདུན་སྤྲུལ་སྐུ་མྱུར་བྱོན་གྱི་གསོལ་བ་བཏབ་སྟེ་ཐུགས་དམ་གསང་རྒྱ་བརྟོལ་བའི་ཚེ། སྐུ་གསུང་ཐུགས་ལས་སྒྱུ་འཕྲུལ་རྣམ་པར་གསལ་བྱེད་ཀྱི་འོད་ཟེར་གསུམ་བཀྱེས་ནས། འབྲས་ལྗོངས། དར་དཀར། བོད་ཡུལ་གྲྭ་ནང་གསུམ་དུ་བབ་པ་ལས། སྐུ་སྤྲུལ་འབྲས་ལྗོངས་རྒྱལ་པོའི་སྲས་སུ་འཁྲུངས་ཀྱང༌། དེ་སྐབས་ནང་ཟིང་བར་མའི་འཁྲུགས་རྐྱེན་གྱིས་རྟེན་འབྲེལ་འཕྱུགས་ཏེ་གདན་འདྲེན་མ་འཁྱོངས་པའི་བར། གཞོན་ནུའི་དུས་ནས་གཟུགས་སྐུ་དབྱིངས་སུ་བསྡུས་པས། དེ་ནས་སྐུ་སྤྲུལ་ཡོངས་གྲགས་སུ་མ་བྱོན། གསུང་སྤྲུལ་དང༌། ཐུགས་སྤྲུལ་གཉིས་སྐུ་ཕྲེང་རིམ་པར་བསྟན་འགྲོའི་དཔལ་དུ་བྱོན་པ་ལས། གསུང་སྤྲུལ་འདི་ཉིད་འཁྲུངས་ཡུལ་ལྷོ་རྒྱུད་དར་དཀར་ཉི་གདུགས་ཁར། རབ་བྱུང་བཅུ་གཉིས་པའི་ས་བྱི་ ༡༧༠༨ ལོར་འཁྲུངས། དགུང་ལོ་བརྒྱད་ནས་སྤྱན་དྲངས་ཏེ། གདན་སའི་གསེར་ཁྲིར་མངའ་གསོལ་མཛད། མཚན་ཞབས་དྲུང་ཕྱོགས་ལས་རྣམ་རྒྱལ་ཞེས་གྲགས་པས། དེ་ནས་བཟུང་སྤྲུལ་བརྒྱུད་ལ་ཕྱོགས་སྤྲུལ་ཞེས་ཀྱང་བྱ། མཁན་བཟོད་པ་ཕྲིན་ལས་མདུན་སྡོམ་པའི་བསླབ་ཚིགས་དང༌། ཡོངས་འཛིན་བཟོད་པ་པད་དཀར་དང་ཀོམ་འཕྲང་ཡེ་ཤེས་དངོས་གྲུབ་སོགས་ལས་སྒྲ་ཚད་ལ་སོགས་པ་ཐུན་མོང་ཐུན་མིན་གྱི་གཞུང་ལུགས་རྣམས་དང༌། ཁྱད་པར་ཤིན་ཏུ་ཐུན་མིན་རང་ལུགས་སྡོང་པོ་གསུམ་དྲིལ་གྱི་ཁྱད་ཆོས་རྣམས་བཤད་པས་གཏན་ལ་ཕབ་ཅིང༌། སྒྲུབ་པས་ཉམས་སུ་བཞེས་ཏེ་ཚིག་ཁྲིད་བློ་ལ་ཐེབས་པ། མྱོང་ཁྲིད་ཉམས་སུ་མྱོང་བ། དོན་ཁྲིད་རྒྱུད་ལ་སྐྱེས་པའི་སྒོ་ནས་རྣམ་གྲངས་མ་ཡིན་པའི་དོན་དམ་ཕྱག་རྒྱ་ཆེན་པོའི་རྟོགས་པ་འཁྲུངས། ལྷག་པར་མགྲིན་པའི་རྩ་མདུད་གྲོལ་ནས་རྟོགས་པའི་མགུར་དབྱངས་འཁྲོལ་བ་སོགས་སྙན་ཚིག་གི་རྣམ་འགྱུར་ཅི་དང་མི་མཉམ་པའི་གྲགས་པ་ཐོན། རྗེ་འདིའི་ཡོན་བདག་ཏུ་ཁས་འཆེ་བའི་སྡེ་པ་རྒྱ་བོར་གྲགས་པའི་ཕྱོགས་ལྷུང་ཅན་དེས། རྒྱལ་སྲས་ཀུན་དགའ་རྒྱལ་མཚན་དང་གཏེར་སྟོན་འབྲུག་སྒྲ་རྡོ་རྗེས་གཙོས་སྤུངས་རྫོང་བསྟན་པ་དབང་ཕྱུག་འཁོར་བཅས་རྩ་མེད་དུ་བཏང་བའི་དུས། རྗེ་འདིའང་གཞན་གྱི་ཞོར་བརྡབས་ལས་རེ་ཞིག་ཧད་གླང་ཆུ་ཚུན་བྱོལ་ཀྱང་རྗེས་ཟིན་ཏེ་སྐུ་མཉེལ། དེས་ཐུགས་ཕྱུང་སྟེ་ངས་སྔོན་བླ་མ་ཁག་ལྔ་ཡུལ་ནས་བཏོན་པའི་རྣམ་སྨིན་ཡིན་གསུངས་ནས་ཟུར་བཞུགས་སུ་བྱོན་པའི་མཐར། ཉེར་དགུ་པ་མེ་འབྲུག་ ༡༧༣༦ ལོར་སྐུ་གཤེགས་སོ། ། |
{{#arraymap:ཞབས་དྲུང་གསུང་སྤྲུལ་དང་པོ་ཕྱོགས་ལས་རྣམ་རྒྱལ་
|; |@@@ | | }}